མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་དཔྱིད་ཀ་ཞེས་བའི་རོལ་ཚོགས་དེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དགུ་ནས་འཁྲབ་སྟོན་བྱས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-06-28 09:50

32-128368-2012053015411659524.jpg

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་མི་རིགས་རོལ་དབྱངས་འགྲེམ་སྟོན་དང་། བོད་ལྗོངས་ཀྱི་ཕུལ་བྱུང་མི་རིགས་རིག་གནས་དྲིལ་སྒྲོག བོད་ལྗོངས་ཀྱི་བརྩམ་ཆོས་ལེགས་པོ་མཚམས་སྦྱོར་བཅས་བྱེད་ཆེད། སྨྱན་མང་གཟུགས་མི་རིགས་འབུད་དཀྲོལ་རོལ་ཆའི་རོལ་མོ་གླུ་གཞས་འདུ་ཚོགས་ཆེན་མོ་བོད་ལྗོངས་ཀྱི་དཔྱིད་ཀ་ཞེས་བ་དེ་སྤྱི་ཟླ5བའི་ཚེས15ཉིན་ནས་བཟུང་སི་ཁྲོན་ཁྲིན་ཏུའུ་དང་ཁྲུང་ཆིན། ཧྲང་ཧེ། ཧང་ཀྲིག་སོགས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་བརྒྱད་དུ་སྐོར་སྐྱོད་འཁྲབ་སྟོན་དུ་སོང་ནས། བོད་མི་རིགས་ཀྱི་ཁྱད་ཆོས་ཀྱི་ཕྱུག་པའི་ཕུན་སུམ་ཚོགས་པའི་རོལ་མོ་གླུ་གཞས་དེ་རྒྱལ་ཡོངས་ཀྱི་ལྟད་མོ་བའི་མིག་ལམ་དུ་ཕུལ།

  བོད་ལྗོངས་ཀྱི་དཔྱིད་ཀ་ཞེས་བ་ནི་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་བའི་རོལ་དབྱངས་འདུ་ཚོགས་ཤིག་ཡིན་པ་དང། དེ་ནི་ཀྲུང་དབྱང་མི་རིགས་རོལ་མོ་ཚོགས་པ་དང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་སྒོས་གསར་བཟོ་བྱས་པ་རེད།

  ཐེངས་འདིའི་སྐོར་སྐྱོད་འཁྲབ་སྟོན་བརྒྱུད་ནས། རྒྱལ་ཡོངས་ཀྱི་བལྟ་མཁན་ཚོས་ཐེངས་དང་པོར་བོད་ལྗོངས་དང་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རོལ་དབྱངས་ལ་རྒྱུས་ལོན་བྱས་པ་མ་ཟད། བོད་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་དྲིལ་བསྒྲགས་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་ཞིག་ཐོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག