མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་དུ་བོད་སྐྱོར་རྣམ་གྲངས་ཁག་ལག་བསྟར་ཡག་པོ་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-28 09:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། གསར་འགོད་པས་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་རོགས་སྐྱོར་དང་ལེན་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཧུའུ་ནན་དང་ཧུའུ་པེ། ཨན་ཧུས་བཅས་ཞིང་ཆེན་གསུམ་གྱི་ཁག་དྲུག་པ་དང་བཞི་པས་ལྷོ་ཁ་ས་ཁུལ་དུ་བོད་སྐྱོར་རྣམ་གྲངས116བཀོད་སྒྲིག་བྱས་པར་མ་དངུལ་སྒོར་དུང་ཕྱུར7.1གཏོང་རྩིས་བྱས་པའི་ནང་ད་ལྟ་འཆར་གཞིའི་མ་འཇོག་གི97%ལེགས་སྒྲུབ་ཟིན་ཡོད་པ་རེད།

ཁག་དྲུག་པ་དང་བཞི་པའི་ལྷོ་ཁ་ས་ཁུལ་གྱི་བོད་སྐྱོར་རྣམ་གྲངས་ཁྲོད། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས28ཡོད་པར་མ་དངུལ་སྒོར་དུང་ཕྱུར2.3 དང་། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས37ཡོད་པར་མ་དངུལ་སྒོར་དུང་ཕྱུར2.3། ཨན་ཧུས་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས51ཡོད་པར་མ་དངུལ་སྒོར་དུང་ཕྱུར2.4བཅས་བཏང་ཡོད་པ་རེད། ད་ལོའི་སྤྱི་ཟླ5པར་ཞིང་ཆེན་གསུམ་གྱིས་ལྷོ་ཁ་ས་ཁུལ་ལ་ཁག་དྲུག་པ་དང་བཞི་པའི་བོད་སྐྱོར་རྣམ་གྲངས109ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར7ཙམ་བཏང་ཡོད་པ་རེད། ད་དུང་ཞིང་ཆེན་གསུམ་གྱི་བོད་སྐྱོར་ལས་དོན་ཁྲོད་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་ཚོ1800བཏང་སྟེ། ཤེས་ལྡན་པའི་རིགས་སྟོབས་ཀྱི་ཁ་གཏད་རོགས་སྐྱོར་གྱི་སྦྱོང་བརྡར་རྣམ་གྲངས་ཀྱི་འཆར་གཞིའི་ལས་གཞི་ལག་བསྟར་བྱས་ནས། རིམ་པ་ཁག་དང་རིགས་ཁག་གི་ལས་བྱེད་པ5260ལ་སྦྱོང་བརྡར་སྤྲད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག