མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་ལ་སླར་ཡང་རྒྱལ་ཡོངས་ཀྱི་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་གི་ཕུལ་བྱུང་ས་ཁུལ་གྱི་མཚན་སྙན་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-28 09:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚོགས་མ་ཐག་པའི་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ལས་དོན་ཚོགས་འདུའི་ཐོག བོད་ལྗོངས་ཉིང་ཁྲི་ས་ཁུལ་ལ་སྤྱི་ལོ2009ལོ་ནས་སྤྱི་ལོ2012ལོའི་བར་གྱི་རྒྱལ་ཡོངས་ཀྱི་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་གི་ཕུལ་བྱུང་ས་ཁུལ་གྱི་མཚན་སྙན་རགས་ཡོད་པ་རེད། དེ་ནི་ཉིང་ཁྲི་ས་ཁུལ་ལ་སྤྱི་ལོ2005ལོ་ནས་སྤྱི་ལོ2008ལོའི་བར་གྱི་རྒྱལ་ཡོངས་ཀྱི་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་གི་ཕུལ་བྱུང་ས་ཁུལ་གྱི་མཚན་སྙན་ཐོབ་རྗེས་སླར་ཡང་མཚན་སྙན་དེ་རགས་ཐེངས་གཉིས་པ་དེ་རེད། དེ་དང་དུས་མཚུངས་ཉིང་ཁྲི་ས་ཁུལ་གྱི་སྤོ་བོ་རྫོང་ལ་ཡང་སླར་ཡང་སྤྱི་ལོ2009ལོ་ནས་སྤྱི་ལོ2012ལོའི་བར་གྱི་རྒྱལ་ཡོངས་ཀྱི་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་གི་སྔོན་ཐོན་རྫོང་གི་མཚན་སྙན་རགས་ཡོད་པ་རེད།

ཉེ་བའི་ལོ་ཤས་ནང་ཉིང་ཁྲི་ས་ཁུལ་གྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་དུས་བདེ་འཛུགས་སྐྱོང་གཏིང་ཟབ་བྱེད་པ། སྤྱི་ཚོགས་ཀྱི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལས་དོན་ཁག་གི་བྱ་ཐབས་དོན་འཁྱོལ་ནུས་ལྡན་བྱེད་པ་བཅས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་བྱུང་བ་དང་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་རིམ་བཞིན་མཐོ་རུ་ཕྱིན་ཡོད་པ་རེད།

ཉིང་ཁྲི་ས་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཧྲི་ཅུན་གྱིས་ཉིང་ཁྲི་ས་ཁུལ་གྱི་རིམ་པ་ཁག་སྲིད་ཁྲིམས་བརྟན་ལྷིང་སྲུང་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ཚན་པས། ད་ཐེངས་ཀྱི་གཟི་བརྗིད་མཚན་སྙན་གྱིས་འགོ་འཛུགས་ས་གསར་པ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཀྱི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེ་བས་ཏན་ཏིག་གི་བྱ་ཐབས་ནུས་ལྡན་བཟུང་ནས་ཁྱབ་ཁོངས་དེ་བས་ཆེ་བ་དང་རྨང་གཞི་དེ་བས་བརྟན་པ། ཆུ་ཚད་དེ་བས་མཐོ་བ། མི་དམངས་མང་ཚོགས་ཀྱི་དེ་བས་བློ་མགུ་པོ་བྱེད་པའི་དུས་བདེའི་ཉིང་ཁྲི་འཛུགས་སྐྱོང་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་གསུང་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག