མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོས་བདེ་སྡོད་ལས་གཞིའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-28 09:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་མ་དངུལ་ལེགས་སྒྲིག་བྱས་ཏེ་བདེ་སྡོད་ལས་གཞིའི་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ད་ལོའི་ལོ་མཇུག་བར་ས་ཁུལ་དེ་ཡོངས་ཀྱིས་དུད་ཚང89000གི་བདེ་སྡོད་ལས་གཞི་འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱེད་རྒྱུ་ཡིན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར52གཏོང་རྒྱུ་ཡིན་པ་དང་། མི་ཁྲི་ཚོ55ལྷག་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པ། དེ་བཞིན་བོད་ཤར་རྒྱུད་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་བདེ་སྡོད་ཁང་པའི་ནང་སྤོ་ཐུབ་པ་བྱེད་རྒྱུ་རེད།

 ཆབ་མདོ་རྫོང་ཁྲེང་ཀོན་གྲོང་རྡལ་རྔུལ་མདའ་གྲོང་ཚོར་གྲལ་སྟར་སྒྲིག་པའི་བོད་བཟོའི་ཁང་པ་གསར་པ་བརྒྱབ་ཡོད་པ་དང་། གསར་དུ་བསྐྲུན་པའི་ཨར་འདམ་གཞུང་ལམ་རྒྱ་ཆེ་ལ་འཁོད་སྙོམས་པ་དང་གྲོང་ཚོའི་ཉེ་འགྲམ་གྱི་ས་སྟོང་ཐོག་ལུས་སྦྱོང་ཡོ་ཆས་སྒྲིག་སྦྱོར་བྱས་ཡོད་པས། རྒན་རྒོན་དང་བྱིས་པ་ཚོ་དེ་གར་ལུས་སྦྱོང་དང་རྩེད་མོ་རྩེད་བཞིན་ཡོད་པས་གྲོང་ཚོ་དེར་དུས་བདེ་འཆམ་མཐུན་དང་བདེ་སྐྱིད་སྤྲོ་སྣང་གི་རྣམ་པས་ཁེངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག