མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གི་སྒོ་བྱང་བཀལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-28 09:50

d

ཐང་གའི་སྒྱུ་རྩལ་ཁྲིད་སྦྱོང་རྟེན་གནས་དང་ཐང་གའི་སྒྱུ་རྩལ་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ།

]]

སློབ་མ་རྣམས་ཀྱིས་བོད་ཀྱི་ཐང་གའི་སྒྱུ་རྩལ་ཁྲིད་སྦྱོང་རྟེན་གནས་སུ་ཐང་གའི་སྒྱུ་རྩལ་གྱི་འབྲི་བཞེངས་སྦྱོང་བཞིན་པ།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ཀྱི་ཐང་གའི་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དམིགས་ནས། སྤྱི་ཟླ6པའི་ཚེས26ཉིན་བོད་ཀྱི་ཐང་གའི་སྒྱུ་རྩལ་ཁྲིད་སྦྱོང་རྟེན་གནས་དང་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ་རེད།

  རྒྱུས་ལོན་པ་ལྟར་ན། 2005ལོར་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བ་འགོ་བརྩམས་པ་ནས་བཟུང་། རྒྱལ་ཁབ་དང་བོད་ལྗོངས་ཀྱིས་སྔ་རྗེས་སུ་སྒོར་བྱེ་བ་བཞི་བཏང་ནས་ཐང་གའི་སྒྱུ་རྩལ་རྩིས་བཤེར་དང་སྲུང་སྐྱོབ། རྒྱུན་འཛིན་སོགས་ཀྱི་བྱ་བ་རབ་དང་རིམ་པ་སྤེལ་ནས། སྨན་ཐང་དང་མཁྱེན་བརྩེ། ཀརྨ་སྒར་བྲིས་སོགས་ཀྱི་བྲིས་རྒྱུན་སྣ་ཚོགས་རྒྱུན་འཛིན་དང་གོང་སྤེལ་དུ་བཏང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག