མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2013ལོའི་བོད་ལྗོངས་ཀྱི་སློབ་ཆེན་རྒྱུགས་སྤྲོད་སྐར་གྲངས་ཚད་གཞི་ཡོངས་བསྒྲགས་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-28 09:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས26ཉིན་གྱི་ཕྱི་དྲོ་བོད་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གིས་སྤྱི་ལོ2013ལོའི་སློབ་ཆེན་རྒྱུགས་སྤྲོད་སྐར་གྲངས་ཚད་གཞི་དང་དཔུང་སྡེའི་རྒྱུགས་སྤྲོད་སྐར་གྲངས་ཚད་གཞི་ཡོངས་བསྒྲགས་བྱས་པའི་ནང་། རིག་གནས་ལོ་རྒྱུས་རིགས་ཀྱི་གཙོ་གནད་དངོས་གཞིའི་ཚན་ཁག་གི་གྲངས་ཉུང་མི་རིགས་ཀྱི་སློབ་མའི་སྐར་གྲངས་ཚད་གཞི་ནི310དང་རྒྱ་རིགས་ཀྱི་སློབ་མའི་སྐར་གྲངས་ཚད་གཞི་ནི480། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་གཙོ་གནད་དངོས་གཞིའི་ཚན་ཁག་གི་གྲངས་ཉུང་མི་རིགས་ཀྱི་་སློབ་མའི་སྐར་གྲངས་ཚད་གཞི་ནི290དང་། རྒྱ་རིགས་སློབ་མའི་སྐར་གྲངས་ཚད་གཞི470བཅས་གཏན་འཁེལ་བྱས་ཡོད་པ་རེད།

 ད་ལོ་བོད་ལྗོངས་སུ་སྤྱིར་བཏང་སློབ་གྲྭར་ཡིག་རྒྱུགས་གཏོང་མཁན18627ཡོད་པ་དང་ཡིག་རྒྱུགས་ཀྱི་སྐར་གྲངས་སྤྱིའི་ཆ་ནས་ན་ནིང་ལས་ཅུང་མཐོ་བ་ཡོད་པ་དང་། རིག་གནས་ལོ་རྒྱུས་རིགས་ཀྱི་རྒྱ་རིགས་སློབ་མའི་སྐར་གྲངས་མཐོ་ཤོས་ནི615དང་གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་མཐོ་ཤོས་ནི463རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རྒྱ་རིགས་སློབ་མའི་སྐར་གྲངས་མཐོ་ཤོས་ནི673དང་། གྲངས་ཉུང་མི་རིགས་སློབ་མའི་སྐར་གྲངས་མཐོ་ཤོས་ནི515བཅས་རེད། རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གི་འགན་འཁུར་མི་སྣས་གསར་འགོད་པར། ད་ལོ་སྤྱིར་བཏང་སློབ་ཆེན་ཁག་གིས་རང་ལྗོངས་ཀྱི་སློབ་མ་ཁྲི12507བསྡུ་རྩིས་ཡོད་པ་དེ་ན་ནིང་ལས་མི་གྲངས962ཀྱིས་མང་བ་ཡོད་པ་དང་། སྤྱི་ཟླ6པའི་ཚེས26ཉིན་ནས་བཟུང་ཡིག་རྒྱུགས་གཏོང་མཁན་ཚོས་བོད་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གི་དྲ་བ་བརྒྱུད་འདོད་མཐུན་རེའུ་མིག་ཁ་སྐོང་བྱེད་ཆོག་པ་དང་། འདོད་མཐུན་རེའུ་མིག་སྐོང་མཚམས་འཇོག་པའི་དུས་ཚོད་ནི་སྤྱི་ཟླ7པའི་ཚེས1ཉིན་བར་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག