མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བསམ་ཡས་གཙུག་ལག་ཁང་དུ་མདོ་སྡེ་དུས་ཆེན་རོལ་བ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-06-28 09:48


བསམ་ཡས་དགོན་པའི་མདོ་སྡེའི་དུས་ཆེན་སྟེང་འཆམ་འཁྲབ་བཞིན་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས24ཉིན་ནི་བསམ་ཡས་དགོན་པའི་མདོ་སྡེ་དུས་ཆེན་ཡིན་ཞིང་། དེ་ནི་ལོ་རེའི་ཟླ་ལྔ་པའི་ཚེས་བཅུ་བཞི་ཉིན་ནས་འགོ་རྩོམ་པ་དང་། ཉིན་ལྔ་རིང་ལ་སྤེལ་བཞིན་ཡོད། དུས་ཆེན་གྱི་སྟེང་དགོན་པའི་གྲྭ་བཙུན་རྣམས་ཀྱི་ཆོས་གོས་དང་ཞལ་འབག་སྣ་ཚོགས་གྱོན་ནས་འཆམ་འཁྲབ་བཞིན་ཡོད་ལ། ཉིན་གཉིས་ཀྱི་རིང་ལ་འཁྲབ་ཐེངས12ལ་འཁྲབ་པ་རེད།

བཙན་པོ་མུ་ནེ་བཙན་པོའི་དུས་ནས་བཟུང་ལྷ་སའི་ཇོ་ཁང་དུ་མངོན་པའི་སྡེ་སྣོད་ཀྱི་ཚོགས་མཆོད་དང་། ཁྲ་འབྲུག་དགོན་པར་འདུལ་པའི་སྡེ་སྣོད་ཀྱི་ཚོགས་མཆོད། བསམ་ཡས་དགོན་པར་མདོ་སྡེའི་སྡེ་སྣོད་ཀྱི་ཚོགས་མཆོད་བཅས་ཚོགས་པའི་སྲོལ་བཏོད་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག