མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོ་ལྷ་ས་གྲོང་ཁྱེར་ལ་རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གྱི་མཚན་སྙན་ཐོབ་ཡོད།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-26 10:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ད་ལོ་ལྷ་ས་གྲོང་ཁྱེར་ལ་རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གྱི་མཚན་སྙན་དང་སྟོད་ལུང་བདེ་ཆེ་རྫོང་ལ་རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་རྫོང་གི་མཚན་སྙན་སྤྲད་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་ལ་སྤྱི་ལོ1994ལོ་ནས2011ལོ་བར་ལ་རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གྱི་མཚན་སྙན་ཐོབ་ཐེངས་དྲུག་པ་ཐོབ་ཡོད་པ་དང༌། སྟོད་ལུང་བདེ་ཆེན་རྫོང་ལ་ཡང་སྤྱི་ལོ1993ལོ་དང2011ལོ་བར་རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་རྫོང་གི་མཚན་སྙན་ཐེངས་བདུན་པ་ཐོབ་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གཞུང༌། གྲོང་ཁྱེར་དུ་བཅའ་སྡོད་དཔུང་སྡེ་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་གཉིས་བཀུར་ལས་དོན་དེ། ལྷ་སའི་གོང་འཕེལ་དང་བརྟན་ལྷིང་དང་འབྲེལ་བའི་དོན་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ། དུས་ཐོག་ཏུ་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་གསར་གཏོད་ཇུས་གཞི་བཟོ་བ། ལས་བགོས་དོན་འཁྱོལ་བྱེད་པ་བཅས་བྱས་ནས་ཁོངས་གཏོགས་ཚན་པའི་ཧུར་སེམས་དང་རང་འགུལ་རང་བཞིན་རྒྱུན་ཆད་མེད་པར་སྐོང་འཐེན་བྱས་པ་རེད།

དེང་སྐབས་ལྷ་ས་གྲོང་ཁྱེར་གྱིས་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དང་སྙེ་མོའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་གིས་གཙོས་པའི་རྒྱལ་སྲུང་སློབ་གསོའི་དྲིལ་བསྒྲགས་རྟེན་གཞི་བཙུགས་པ་དང༌། གཉིས་བཀུར་དྲིལ་བསྒྲགས་ནག་པང110བཟོས་པ། རིགས་ཁག་གི་དྲིལ་བསྒྲགས་ལག་དེབ་ཁྲི3ལྷག་དཔར་འགྲེམས་བྱས་པ། རིགས་ཁག་གི་གཉིས་བཀུར་དྲིལ་བསྒྲགས་དཔྱད་གཞི་ཁྲི2ཙམ་སྤྲད་པ། མཐུན་སྒྲིལ་དང་གོང་འཕེལ། ཞི་མཐུན་བཅས་ལ་སྐུལ་འདེད་བཏང་ནས་དུས་བདེ་སྲུང་སྐྱོབ་བྱེད་ཅེས་པས་བརྗོད་དོན་གཙོ་བོ་བྱེད་པའི་དམག་དཔུང་དང་ཉེན་རྟོག་པ། མང་ཚོགས་བཅས་ཀྱི་གཉིས་བཀུར་མཉམ་སྐྲུན་མཉམ་སྲུང་གི་བྱེད་སྒོ་ཐེངས20ལྷག་སྤེལ་བ་བཅས་བྱས་པ་རེད།

ལྷ་ས་གྲོང་ཁྱེར་གྱིས་དམག་བཀུར་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གྲོང་ཁྱེར་དུ་བཅའ་སྡོད་དཔུང་སྡེའི་དཀའ་ངལ་སེལ་རོགས་ཧུར་ཐག་བྱེད་པ་དང་། ལྷ་ས་གྲོང་ཁྱེར་གྱི་ཡུལ་དམག་ཕྱོགས་བསྡུས་སྦྱོང་བརྡར་རྟེན་གཞི་གསར་སྐྲུན་བྱས་པ། དམག་མིའི་བུ་ཕྲུག300ཙམ་གྱི་སློབ་ཞུགས་དང་བུ་བཅོལ་ཁང་དུ་སྐྱོད་པའི་གནད་དོན་ཐག་གཅོད་བྱས་པ། གྲོང་ཁྱེར(གྲོང་རྡལ)དང་གྲོང་གསེབ་ཀྱི་ཆ་རྐྱེན་འཛོམས་པའི་དམག་ཞབས་ཐིམ་པའི་དམག་མི122བཀོད་སྒྲིག་བྱས་ནས་བཀོད་སྒྲིག་བྱེད་ཚད100%ཟིན་པ་བཅས་བྱས་པ་རེད། ལྷ་ས་གྲོང་ཁྱེར་དུ་བཅའ་སྡོད་དཔུང་སྡེས་མི་ཤུགས་དང་དངོས་ཤུགས་འབོར་ཆེན་བཏང་ནས་ལྷ་སའི་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། དབུལ་སྐྱོར་འབྲེལ་གཏུག་བྱེད་གནས400ཙམ་བཙུགས་པ། སྨན་རིན་མི་དགོས་པར་མང་ཚོགས་མི་ཐེངས་ཁྲི་ཚོ30ཙམ་ལ་གཟུགས་པོ་བརྟག་དཔྱད་བྱེད་པ་བཅས་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག