མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་ཡུལ་སྐོར་ཉམས་ཉེན་སྔོན་འགོག་དང་རོགས་སྐྱོབ་ཀྱི་མ་ལག་ཞིབ་འཇུག་ལེགས་འགྲུབ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-26 10:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་ཚན་རྩལ་ཆ་འཕྲིན་ཞིབ་འཇུག་ཟོའོ་ཡིས་སྤེལ་བའི་བོད་ཀྱི་ཡུལ་སྐོར་ཉམས་ཉེན་སྔོན་འགོག་དང་། བབ་བསྟུན་རོགས་སྐྱོབ་ལ་དམིགས་པའི་འགག་རྩའི་ལག་རྩལ་ཞིབ་འཇུག་ལེགས་འགྲུབ་བྱུང་ཡོད་པ་རེད།

ས་མཐོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྔོན་ཚུད་ཉེན་བརྡའི་འབྲེལ་ཡོད་ཀྱི་བྱ་ཐབས་གསར་པ་འཚོལ་ཞིབ་དང་། ལག་རྩལ་ཐག་གཅོད་བྱེད་པའི་ཇུས་གཞི་གཅིག་བསྡུས་ཞིབ་འཇུག ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱིས་ཞིབ་འཇུག་བྱ་གཞི་བཟོས་ཏེ། བར་སྣང་འཚོལ་ཞིབ་ལ་དམིགས་པའི་ཡུལ་སྐོར་བདེ་འཇགས་ཀྱི་སྔོན་ཚུད་ཉེན་བརྡའི་མ་དཔེ་ཇུས་བཀོད་བྱས་པ་མ་ཟད་མངོན་འགྱུར་བྱུང་ཡོད་པ་རེད།

འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་འཇུག་དེས་བོད་ཀྱི་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱིས་ཡུལ་སྐོར་བདེ་འཇགས་འགན་སྲུང་བྱེད་པའི་དགོས་མཁོར་དམིགས་ནས། མཛེས་ལྗོངས་ཁུལ་དུ་མི་མེད་གནམ་གྲུའི་བཤེར་འཚོལ་མ་ལག་དང་སྒྲའི་འགུལ་ཚད་ཀྱིས་ཚེ་སྲོག་འཚོལ་ཞིབ་མ་ལག་ཞིབ་འཇུག་ལེགས་གྲུབ་ཐུབ་ཡོད་པ་རེད། གྲུབ་འབྲས་དེས་བོད་ཀྱི་ཡུལ་སྐོར་བདེ་འཇགས་ཀྱི་འགན་སྲུང་ནུས་པ་ཆེ་རུ་འགྲོ་རྒྱུ་དང་། ཡུལ་སྐོར་ཐོན་ལས་ཆ་འཕྲིན་ཅན་གྱི་ཆུ་ཚད་གོང་མཐོར་རུ་འགྲོ་རྒྱུ། བོད་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་རྒྱུན་བསྲིང་གོང་འཕེལ་ལ་སྐུལ་མ་ཐེབས་རྒྱུ་བཅས་ཀྱི་དོན་སྙེང་གལ་ཆེན་ལྡན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག