མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཤེས་བྱ་ཀུན་བཏུས་ལྷ་སའི་བམ་པོ་སྤྱི་ཟླ9པར་གཟིགས་མོ་བའི་སྤྱན་ལམ་དུ་འབུལ་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-26 10:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཤེས་བྱ་ཀུན་བཏུས་ལྷ་སའི་བམ་པོའི་མཐའ་མའི་ཞུས་དག་ཚོགས་འདུ་ལྷ་ས་རུ་འཚོགས་པ་དང་། ཚོགས་འདུའི་ཐོག་བོད་ལྗོངས་ཀྱི་ཤེས་བྱ་ཀུན་བཏུས་ལྷ་སའི་བམ་པོའི་མཐའ་མའི་ཞུས་དག་དང་། ཞིབ་དཔྱད་བཟོ་བཅོས་ལས་དོན་ཐད་ཕྱོགས་ཁག་གི་བསམ་འཆར་ཉན་པ་རེད།

དཔེ་དེབ་དེའི་ནང་རིགས་ཁག་གི་གསུང་རྩོམ་དང་ལོ་རིམ་མེ་ལོང་། ལག་དེབ། ཡུལ་གྲུའི་རྣམ་བཤད་སོགས་དཔེ་སྐྲུན་དངོས་པོའི་ཁྲོད་ཀྱི་དཔྱད་གཞིར་ལུགས་མཐུན་ལེགས་སྒྲིག་བྱས་པས། དེ་ནི་རིན་ཐང་ཆེན་པོ་ལྡན་པ་དང་ཆེས་གལ་ཆེ་བའི་དཔྱད་གཞི་སྙིང་བསྡུས་བྱས་པའི་ཆུ་ཚད་མཐོ་བའི་དེབ་ཐེར་ཞིག་ཡིན་པ་དང་། དེའི་ནང་ལྷ་སའི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཐད་ཐོབ་པའི་གཡུར་ཟའི་འབྲས་བུ་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད་པ་རེད། སྔོན་དཔག་བྱས་ན་དེབ་ཐེར་དེ་ད་ལོའི་སྤྱི་ཟླ9པར་རྒྱ་ཆེའི་ཀློག་པ་པོར་སྤྱན་འབུལ་ཞུ་རྩིས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག