མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་ས་ཁུལ་གྱིས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་དང་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-26 10:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། གསར་འགོད་པས་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོའི་ནང་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱིས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་གོང་འཕེལ་གྱི་བསམ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ། ཞིང་འབྲོག་ལས་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ཞིང་འབྲོག་ལས་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་གོང་འཕེལ་ལེགས་པོ་བྱུང་ཡོད་པ་རེད། ད་བར། གཞིས་རྩེ་ས་ཁུལ་དུ་རིགས་ཁག་གི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས332ཟིན་གྱི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས332དེ་དག་གི་ཐོ་བཀོད་མ་དངུལ་སྒོར་དུང་ཕྱུར1.98ཟིན་པ་དང་། རྒྱུ་ནོར་སྤྱི་འབོར་སྒོར་དུང་ཕྱུར2.8ཟིན་པ། གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར1.14ཟིན་པ། ཁེ་སྤོགས་སྤྱི་འབོར་སྒོར་ཁྲི་ཚོ5000ལྷག་ཟིན་པ། རྩ་འཛུགས་ནང་ཞུགས་མཁན་ཐེམ་གྲངས་ཁྲི16000ཙམ་ཟིན་པ། ཞིང་དུད་དང་མི་འབོར་ཁག་སོ་སོར་ཁྲི15000ལྷག་ལ་ཁྱབ་གདལ་སྐུལ་འཁྲིད་ཐུབ་པ་བཅས་བྱུང་ཡོད་པ་རེད།

འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་གནང་བར་གཞིགས་ན། རིགས་ཁག་གི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཐད། ནས་དང་ཞོག་ཁོག སྔོ་ཚལ། ཤིང་འབྲས། པད་ཁ། ནགས་ཁྲོད་ཐོན་ཁུངས་ཐོན་རྫས་བཅས་ཀྱིས་གཙོ་བོ་བྱས་པའི་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་། ནོར་ལུག་རྒྱགས་གསོ་དང་གྲོ་མོའི་ཝ་ཉས་གཙོས་པའི་ཁྱད་ལྡན་གསོ་སྤེལ་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་ཀྱིས་གཙོས་པའི་མི་རིགས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས། ཞིང་འབྲོག་ཁྱད་ལྡན་ཐོན་རྫས་ཀྱིས་གཙོ་བོ་བྱས་པའི་ཞིང་འབྲོག་ལས་སྣོན་ལས་རིགས་དང་། ཞིང་འབྲོག་ཐོན་རྫས་དབོར་འདྲེན་དང་གཉེར་ཚོང་སོགས་ཀྱི་འཁོར་རྒྱུག་རྩ་འཛུགས། ཞིང་ལས་ཐོན་སྐྱེད་ལ་ཞབས་ཞུ་བྱེད་རྒྱུས་གཙོས་པའི་ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་གཏོད་རྒྱུར་སྣེ་འཁྲིད་བྱེད་པའི་ངལ་ནུས་ཕྱིར་གཏོང་། ཨར་སྐྲུན་རྒྱུ་ཆའི་རིགས་ཀྱི་མཉམ་ལས་རྩ་འཛུགས་བཅས་གྲུབ་ཡོད་པ་རེད། རྩ་འཛུགས་ཀྱི་རྣམ་པར་ཆེད་ལས་ཐོན་སྐྱེད་མཉམ་ལས་ཁང་དང་ཆེད་ལས་མཐུན་ཚོགས། ཞིང་འབྲོག་པའི་གཉེར་ཚོང་དཔུང་ཁག་བཅས་ཡོད་པ་དང་། སྐུལ་འཁྲིད་རྣམ་པར་གཙོ་བོ་སྣེ་འདྲེན་ཁེ་ལས་ཀྱི་སྐུལ་འཁྲིད་རྣམ་པ་དང་ཚན་པའི་སྣེ་འཁྲིད་གཉེར་སྒྲུབ་རྣམ་པ། འཇོན་ཐང་ཅན་གྱི་དུད་ཚང་ཆེན་མོས་སྐུལ་འཁྲིད་བྱེད་པའི་རྣམ་པ་སོགས་ཡོད་ཅིང་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་བརྒྱུད། མི་རེར་ཆ་སྙོམས་ཡོངས་འབབ་སྒོར1000ནས2000བར་ཟིན་གྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག