མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་བོད་ཡིག་རྟེན་རྫས་བཤམས་མཛོད་ཁང་སྒོ་མོ་ཕྱེ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-25 11:04



བོད་ལྗོངས་བོད་ཡིག་རྟེན་རྫས་བཤམས་མཛོད་ཁང་།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས20ཉིན། ཀྲུང་གོའི་བོད་ལྗོངས་ཇོ་མོ་གླང་མ་ཚོགས་པས་མ་དངུལ་བཏང་སྟེ་འཛུགས་སྐྲུན་བྱས་པའི་བོད་ལྗོངས་བོད་ཡིག་རྟེན་རྫས་བཤམས་མཛོད་ཁང་དེ། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་ཤང་དུ་ཨར་སྐྲུན་ལེགས་གྲུབ་བྱུང་ནས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཡོད་པ་རེད།

རྟེན་རྫས་བཤམས་མཛོད་ཁང་དེའི་ནང་བོད་ཀྱི་ཡིག་གཟུགས་དང་བོད་ཡིག་པར་ཤིང་། བོད་ཤོག དེང་རབས་བོད་ཀྱི་ཡིག་གཟུགས་བརྩམས་ཆོས། དེང་རབས་པར་འདེབས་བྱས་པའི་བོད་ཡིག་གི་དཔེ་དེབ་བཅས་དངོས་རྫས་ཁྲི་ཕྲག་བཤམས་སྟོན་བྱས་ཡོད་པ་རེད།  །



བཤམས་མཛོད་ཁང་དུ་པར་ཤིང་བརྐོ་བཞིན་པ།



བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པའི་ཡིག་གཟུགས་བརྩམས་ཆོས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག