མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

«ས་སྐྱའི་རིག་མཛོད»ཅེས་པའི་དཔེ་ཚོགས་པར་བསྐྲུན་འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-06-24 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། «ས་སྐྱའི་རིག་མཛོད»ཅེས་པའི་དཔེ་ཚོགས་དེ་བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། དཔེ་ཚོགས་དེ་རུ«ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ»དང་། «ས་སྐྱ་ལེགས་བཤད» «ས་སྐྱའི་ཁྲི་པ་རིམ་བྱོན་གྱི་རྣམ་ཐར»«ས་སྐྱའི་གདུང་རབས་ལོ་རྒྱུས»སྟོད་ཆ་དང་སྨད་ཆ་སོགས་རིགས་ཉི་ཤུ་དང་དེབ་ཉེར་གསུམ་འདུས་པ་རེད། དཔེ་ཚོགས་འདིའི་ཁྲོད་ལོ་རྒྱུས་དང་། ཆོས་ལུགས། མི་སྣའི་རྣམ་ཐར་བཅས་ཕྱོགས་གཅིག་ཏུ་བསྡུས་ནས། ས་སྐྱའི་ས་གནས་སྲིད་དབང་གི་ལོ་རྒྱུས་དང་། མི་སྣ་གཙོ་བོ། སྤྱི་ཚོགས་རིག་གནས། ཆོས་ལུགས་ཆོ་ག ས་སྐྱ་དགོན་པ་བཏབ་པའི་ལོ་རྒྱུས་སོགས་ཕྲ་ཞིང་ཞིབ་པར་བཀོད་འདུག་པས། དེ་ནི་ཏུན་ཧོང་གཉིས་པ་ཞེས་པའི་མཚན་སྙན་གསོལ་འདུག་པའི་ས་སྐྱ་དགོན་པའི་བསྟན་བཅོས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་འདུག་ཅིང་། ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ལྡན་པའི་ཆོས་སྡིངས་འདིའི་རིག་གནས་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག