མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སའི་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གྲྭ་མཇུག་སྒྲིལ་མཚམས་སུ་སླེབས་པ།

  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2013-06-23 10:34


ལས་བཟོ་བས་སྲོལ་རྒྱུན་གྱི་བོད་ལུགས་ཁྱད་ཆོས་ལྡན་པའི་ཚོན་བཏང་བཞིན་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་ཚན་པ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2012ལོའི་ཟླ་བ12པར་ལྷ་སས་ཁྱོན་དངུལ་སྒོར་དུང་ཕྱུར15མ་འཇོག་བྱས་ནས་གྲོང་ཁུལ་རྙིང་པའི་སྲུང་སྐྱོང་ལས་གྲྭ་འགོ་ཚུགས་ཡོད་པ་དང་ད་ལྟ་ཁྱོན་ཡོངས་ཀྱི་ལས་གྲྭ་ལམ་དང་། གློག་སྐུད། ཆུ་འགྲོ་སོགས་བཟོ་བའི་མཇུག་སྒྲིལ་གྱི་ལས་གྲྭའི་མཚམས་སུ་སླེབས་ཡོད་པ་དང་མིག་སྔར་གནའ་བའི་འཛུགས་སྐྲུན་གྱི་ཁང་པ15ཉམས་བཟོ་དང་སྲུང་སྐྱོང་བྱས་ཟིན་ཡོད་པ་རེད། སྔོན་དཔག་བྱས་ནས་ཟླ་བ་དེའི་ཟླ་མཇུག་ཏུ་སྲུང་སྐྱོང་ལས་གྲྭ་མཇུག་སྒྲིལ་ནས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བས་བོད་ལུགས་ཁྱད་ཆོས་ལྡན་པའི་གནང་གྲོང་གི་རྣམ་པ་གསར་པ་ཞིག་མཐོང་ཐུབ་རྒྱུ་ཡིན་པ་རེད། བར་སྐོར་ཁྲོམ་གཞུང་གཙོ་བོར་བྱས་པའི་ལྷ་སའི་གྲོང་ཁུལ་རྙིང་པར་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་1.3ཡོད་པ་དང་གཏན་ཆགས་མི་འབོར་ཁྲི་༨ལྷག་ཡོད་པས་སྲུང་སྐྱོང་ལས་གྲྭས་དེ་ལག་བསྟར་བྱས་ནས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་གང་ལེགས་སྐྲུན་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག