མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཨ་མེ་རི་ཁའི་གྲོས་ཚོགས་ཁང་དང་པུའུ་ལུའུ་ཅིན་སེ་རིག་གཞུང་ལྷན་ཚོགས་སུ་འཚམས་འདྲི་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2013-06-23 10:34

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལྟ་ཨ་མེ་རི་ཁར་འཚམས་འདྲི་གནང་བཞིན་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཚེས19ཉིནནས་ཚེས20ཉིན་བར་ཧྭ་ཧྲེང་ཐོན་དུ་ཁག་སོ་སོར་ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་མི་ཁང་གི་ཨ་ཀྲུང་ལས་དོན་ཚོགས་ཆུང་གི་ཐུན་མོང་ཀྲུའུ་ཞི་པོ་སི་ཐེན་ཉི་དང་རྒྱལ་ཚོགས་ཞིབ་འཇུག་པུའུ་དང་གྲོས་ཚོགས་ལས་རོགས་འཐུས་མི། དེ་བཞིན་པུའུ་ལུའུ་ཅིན་སེ་རིག་གཞུང་ལྷན་ཚོགས་ཀྱི་ཆེད་ལས་མཁས་དབང་དང་བཞུགས་མོལ་གནང་བ་རེད། ཕྱོགས་གཉིས་པོའི་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཆོས་དད་རང་མོས། རང་བྱུང་ཁོར་ཡུག་སྲུང་སྐྱོང་སོགས་གནད་དོན་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།

མཇལ་འཕྲད་ཁྲོད་འཐུས་མི་ཚོགས་པའི་ཚོགས་གཙོ། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྲུའུ་རིན་པད་མ་འཕྲིན་ལས་ཀྱིས་ཞིབ་ཅིང་ཕྲ་བའི་ཡིག་ཆ་དང་གྲངས་གཞིའི་ཐོག་ནས་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་རྗེས་ལོ་ངོ༦༠ཡི་རིང་ཐོབ་པའི་རླབས་ཆེའི་གྲུབ་འབྲས་གསལ་བཤད་གནང་བ་དང་རང་ཉིད་ཡང་རང་རྒྱལ་གྱི་བོད་རིགས་སྤུན་ཟླ་དང་མཉམ་དུ་བོད་ལྗོངས་ཀྱི་རླབས་ཆེའི་འཕེལ་རྒྱས་དང་འགྱུར་ལྡོག་དེ་དག་དངོས་སུ་བརྒྱུད་མྱོང་བའི་དཔང་རྟགས་མི་སྣ་ཞིག་དང་ཕན་པ་ཐོབ་མཁན་ཞིག་ཡིན་པའི་ངོས་ནས་བོད་ལྗོངས་མི་དམངས་ཚོས་དེ་བས་ཀྱང་ད་ལྟའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོར་གཅེས་འཛིན་བྱེད་བཞིན་ཡོད་པ་བསྟན་གནང་བ་རེད།

མཇལ་འཕྲད་ལ་ཞུགས་མཁན་ཨ་མེ་རི་ཁའི་གྲོས་ཚོགས་ཁང་གི་ཁོངས་མི་དང་ཆེད་ལས་མཁས་དབང་ཚོས་ཨ་མེ་རི་ཁ་ཕྱོགས་ནས་དེ་བས་ཀྱང་བོད་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་ནས་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་ལངས་ཕྱོགས་གསལ་སྟོན་བྱས་པ་དང་དེ་ལྟར་གདོང་ཐུག་གི་བརྗེ་རེས་བྱས་པ་བརྒྱུད་ཕྱོགས་གཉིས་ཀར་ཕན་ཚུན་རྒྱུས་མངའ་བྱ་རྒྱུར་ཕན་པ་ཡོད་པ་དང་དེ་ནི་ཧ་ཅང་དགོས་ངེས་ཞིག་ཡིན་པ་གསལ་བཤད་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག