མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱས་པའི་ཕྱི་རྒྱལ་གྱི་རྣམ་གྲངས“བལ་ཡུལ་གྱི་སྲོག་ཆགས་གསོ་སྤེལ་ལག་རྩལ་གསོ་སྐྱོང་འཛིན་གྲྭ”རྒྱལ་ཁའི་ངང་མཇུག་འགྲིལ་བ།

  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2013-06-23 10:33


བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་ཚོང་དོན་ཐིང་གི་འགོ་ཁྲིད་ཀྱིས་སློབ་མར་སློབ་འཇུག་སྒྲིལ་བའི་ལག་ཁྱེར་གནང་བ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱས་པའི་ཕྱི་རྒྱལ་གྱི་རྣམ་གྲངས“བལ་ཡུལ་གྱི་སྲོག་ཆགས་གསོ་སྤེལ་ལག་རྩལ་གསོ་སྐྱོང་འཛིན་གྲྭ”རྒྱལ་ཁའི་ངང་མཇུག་འགྲིལ་བ་དང་སློབ་འཇུག་སྒྲིལ་བའི་མཛད་སྒོའི་ཐོག་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་ཚོང་དོན་ཐིང་གི་འཐུས་མིས་སློབ་མ་ཚོར་སློབ་འཇུག་སྒྲིལ་བའི་ལག་ཁྱེར་དང་དྲན་རྟེན་དངོས་པོ་སྤྲད་གནང་བ་རེད།

དུས་ཡུན་ཉིན30ཡིན་པའི་གསོ་སྐྱོང་སྦྱོང་བརྡར་ནང་བལ་ཡུལ་གྱི་སློབ་མ་ཚོས་ནོར་དང་བོད་བྱ་སོགས་གསོ་སྤེལ་གྱི་བསླབ་ཚན་ཁག18སློབ་སྦྱོང་ལེགས་གྲུབ་བྱས་པ་མ་ཟད་སྟག་རྩེ་རྫོང་བཟོ་ལས་གླིང་ཁུལ་དང་སྟོད་ལུང་བདེ་ཆེན་རྫོང་སྒང་བདེ་གླིང་སྔོ་ཚལ་འདེབས་འཛུགས་རྟེན་གཞི། གཞིས་རྩེ་ས་གནས་རྒྱལ་རྩེ་རྫོང་གི་བ་གསོའི་དུད་ཁྱིམ། པ་རྣམ་རྫོང་གི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་སོགས་སྐད་གྲགས་ཡོད་པའི་རྟེན་གཞི་ཁག་གཅིག་ཏུ་ལྟ་སྐོར་དུ་བསྐྱོད་པ་རེད། སློབ་མ་ཚོས་སྟོན་པར། དུས་ཡུན་ཉིན༣༠ཡིས་སློབ་སྦྱོང་རིང་ས་མཐོའི་སྲོག་ཆགས་གསོ་སྤེལ་ཁྱབ་ཁོངས་ལ་དེ་བས་གཏིང་ཟབ་པའི་རྒྱུས་མངའ་བྱུང་བ་དང་དུས་མཚུངས་བོད་ལྗོངས་ཀྱི་དཔལ་འབྱོར་དང་རིག་གནས། ཁོར་ཡུག་སྲུང་སྐྱོང་སོགས་ཕྱོགས་ཁག་ཐད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ལེགས་པོ་བྱས་པ་རེད།

རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱས་པའི་ཕྱི་རྒྱལ་གྱི་རྣམ་གྲངས“བལ་ཡུལ་གྱི་སྲོག་ཆགས་གསོ་སྤེལ་ལག་རྩལ་གསོ་སྐྱོང་འཛིན་གྲྭ”རྒྱལ་ཁའི་ངང་མཇུག་འགྲིལ་བ།

 སློབ་མ་ཤི་ཟླ་ལས “ཐེངས་འདིར་སློབ་སྦྱོང་བྱེད་རིང་ལྷོ་ཁ་དང་གཞིས་རྩེར་ཕྱིན་པ་ཡིན། གྲུབ་འབྲས་ཆེན་པོ་ཐོ་བྱུང་། ང་སེམས་འགུལ་ཆེ་ཤོས་ཐེབས་པ་ནི། བོད་ལྗོངས་ཀྱི་དོ་དམ་རྣམ་པ་དེ་རེད། ད་རེས་ང་བོད་ལ་ཡོང་བ་ཐེངས་དང་པོ་ཡིན། སླད་མར་ངས་ནང་མི་ཚང་མ་ཁྲིད་ནས་བོད་ལ་ཡོང་གི་ཡིན” ཅེས་བཤད། ཐེངས་འདིའི་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭར་ཞུགས་མཁན་བལ་ཡུལ་གྱི་སྣེ་འཁྲིད་པ་རང་·ཁུའུ་མ་ལིས“ཐེངས་འདིའི་སློབ་སྦྱོང་བརྒྱུད། སློབ་མ་ཚོར་གྲུབ་འབྲས་ཆེན་པོ་ཐོ་པ་དང་ང་ཚོས་ཡང་རྒྱལ་ཁབ་གཉིས་ཀྱི་འཁལ་ཐག་ལས་སྣོན་དང་ཀོ་པགས་ལས་སྣོན། འོ་བཟོའི་དངོས་རྫས་ལས་སྣོན་སོགས་ཀྱི་ཁྱབ་ཁོངས་ཐད་མཉམ་ལས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

རྣམ་གྲངས་འདི་ལག་བསྟར་གྱི་འགན་འཁྱེར་མཁན་བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་དོ་དམ་སློབ་གླིང་གི་ཡོན་ཀྲང་ཐུབ་བསྟན་མཁས་གྲུབ་ཀྱིས་གསར་འགོད་པར“ཐེངས་འདིའི་གསོ་སྐྱོང་སྦྱོང་བརྡར་ནི་ང་ཚོས་མཉམ་སྒུལ་བརྗེ་རེས་ཀྱི་སློབ་སྦྱོང་གི་རྣམ་པ་བེད་སྤྱད་པས་ཅུང་ལེགས་པའི་གྲུབ་འབྲས་ཐོབ་པ་དང་བལ་ཡུལ་གྱི་སློབ་མ་ཚོར་ཡང་གྲུབ་འབྲས་ལེགས་ཙམ་བྱུང་བསྟན་ཡོད། གསོ་སྐྱོང་སྦྱོང་བརྡར་སློབ་སྦྱོང་གི་རྨང་གཞིའི་ཐོག་སླད་མར་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་བལ་གྱི་ཚོང་དོན་དང་རིགས་གནས་སོགས་ཁྱབ་ཁོངས་ཐད་བརྗེ་རེས་བྱ་རྒྱུ་གོང་མཐོར་གཏོང་རྒྱུ་ཡིན་པ་རེད”ཅེས་བཤད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག