མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་གཞི་ཅན་གྱི་སྲུང་སྐྱོང་ལས་གྲྭར་ཚུད་པ།

  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2013-06-23 10:33

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས21ཉིན། བོད་ལྗོངས་ཆབ་མདོ་ས་ཁུལ་རིག་གནས་ཅུས་ནས་ཤེས་རྟོགས་བྱུང་བར། ཆབ་མདོའི་སྐོར་བྲོ་དང་སྨར་ཁམས་ཀྱི་པི་ཝང་། སྟེང་ཆེན་གྱི་རལ་པ། དེ་བཞིན་བྱམས་པ་གླིང་དགོན་གྱི་མེ་ཏོག་མཆོད་པའི་བཟོ་རྩལ་བཅས་མིག་སྔར་ལེགས་གྲུབ་ལྡན་པའི་ངང་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་གཞི་ཅན་གྱི་སྲུང་སྐྱོབ་ལས་གྲྭར་ཚུད་པ་དང་དེས་བོད་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རིག་གནས་ཁག་བཞི་པོར་དེ་བས་མཐོ་བའི་ཆུ་ཚད་ཐོག་ནས་གྲངས་གཞི་ཅན་འཛུགས་སྐྱོང་དང་རྒྱུན་འཛིན་ཐོབ་རྒྱུ་ཡིན་པ་རེད།

ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་གཞི་ཅན་གྱི་སྲུང་སྐྱོང་ལས་གྲྭ་ནི་རིག་གནས་པུས་ལོ་ལྔ་ཚན་བཅུ་གཉིས་པའི་རིང་འཆར་འགོད་བྱས་པའི་རྣམ་གྲངས་ཞིག་ཡིན་པ་དང་ཆ་ཚང་བའི་སྒོ་ནས་པར་རིས་དང་ཡིག་རིས། སྒྲ་དང་བརྙན་རིས་སོགས་རིགས་མང་པོའི་ཟིན་ཐོ་འགོད་པའི་བྱ་ཐབས་བེད་སྤྱོད་བྱ་རྒྱུ་གཙོ་བོར་འཛིན་ནས་གང་མགྱོགས་མངོན་མིན་ཤུལ་བཞག་རིག་གནས་བསྡུ་རུབ་དང་མངོན་མིན་རིག་གནས་ཤུལ་བཞག་ཡོངས་གྲགས་འགྲེམས་སྟོན་བྱེད་པའི་སྟེགས་བུ་བསྐྲུན་རྒྱུ་དེ་རེད། ལས་གྲྭ་དེ2011ལོའི་ཟླ5པའི་མཇུག་ཏུ་བསྐྲུན་འགོ་ཚུགས་པ་དང་མིག་སྔར་ཚོད་ལྟའི་དུས་རིམ་སུ་སླེབས་ཡོད་པ་རེད།

བོད་ལྗོངས་ཆབ་མདོ་ས་ཁུལ་རིག་གནས་ཅུས་མངོན་མིན་རིག་གནས་ཤུལ་བཞག་གཞུང་དོན་ཁང་གི་ཀྲུའུ་རིན་བསྟན་པ་ཡར་འཕེལ་གྱིས་ངོ་སྤྲོད་གནང་བར། མིག་སྔར་རྒྱལ་ཡོངས་སུ་ཚོད་ལྟའི་ས་ཚིགས11བསྐྲུན་ཟིན་པ་དང་ཆབ་མདོ་ས་ཁུལ་ནི་བོད་ལྗོངས་ཀྱི་ས་ཚིགས་གཅིག་པུ་དེ་ཡིན་པ་རེད། ལས་གྲྭའི་བཀོད་སྒྲིག་གཞིར་བཟུང་ན། ཆབ་མདོ་ས་ཁུལ་རིག་གནས་ཚན་པས་ད་ལྟ་མངོན་མིན་རིགས་གནས་ཤུལ་བཞག་གྲངས་གཞི་ཅན་གྱི་མཉེན་ཆས་སྲུང་སྐྱོང་ལས་གྲྭ་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་དང་སྔོན་རྩིས་ལྟར་ན་འདི་ལོའི་ཟླ་བ7པར་སྒྲིག་སྦྱོར་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བར། མངོན་མིན་རིག་གནས་ཤུལ་བཞག་གྲངས་གཞི་ཅན་གྱི་སྲུང་སྐྱོང་མཉེན་ཆས་མ་ལག་གིས་ཆབ་མདོ་སྐོར་བྲོ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཡིག་རིས་དང་པར་རིས། སྒྲ་དང་བརྙན་རིས་སོགས་དང་དེ་བཞིན་རྒྱུན་འཛིན་མི་སྣའི་ཆ་འཕྲིན་སོགས་ཡིག་ཆ་བསྡུ་རུབ་བྱ་རྒྱུ་ཡིན་པ་དང་སྔོན་ཐོན་གྱི་ལག་རྩལ་བརྟེན་ནས་རིགས་དབྱེ་ལེགས་སྒྲིག་བྱས་རྗེས་ཁྱོན་ཡོངས་དང་ཐད་ཀར་ཆ་འཕྲིན་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།

བསྟན་པ་ཡར་འཕེལ་གྱིས་ངོ་སྤྲོད་གནང་བར། དུས་མཚུངས། མངོན་མིན་རིག་གནས་ཤུལ་བཞག་འདི་དག་རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གྲངས་གཞི་ཅན་གྱི་སྲུང་སྐྱོབ་དོ་དམ་གྱི་སྤྱི་པའི་སྟེགས་བུའི་ཐོག་མངོན་རྒྱུ་ཡིན་པ་དང་མངོན་མིན་རིག་གནས་ཤུལ་བཞག་ཆ་འཕྲིན་གྱི་གཞུང་ཕྱོགས་ཁྱབ་བསྒྲགས་དང་རིག་གཞུང་ཞིབ་འཇུག་གི་ཆ་འཕྲིན་འབྱུང་ཁུངས་སུ་གྱུར་རྒྱུ་ཡིན་པ་རེད། སླད་མར། དེ་བས་མང་བའི་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་དེའི་བརྩོན་ལེན་བྱས་ནས་བོད་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་རིང་ཉར་ཚགས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག