མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་སྤྱད་ནས་ངལ་རྩོལ་པའི་ལས་ཞུགས་ལ་སྐུལ་འདེད་བཏང་བ།

  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2013-06-23 10:31

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས2013ལོར་བྱ་ཐབས་སྣ་མང་སྤྱད་ནས་ངལ་རྩོལ་མཁན་ལས་ཞུགས་དང་བྱ་གཞག་གསར་གཏོད་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཚང་མར་ལས་གནས་ཡོད་པ་དང་ལས་ཀ་བྱ་རྒྱུ་ཡོད་པ་འགན་ལེན་བྱས་ཡོད་པ་རེད།

དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ལས་ཞུགས་ལ་ཁྲིད་སྟོན་བྱས་པ། ཐོན་ལས་ཀྱི་ལེགས་ཆ་འཕེལ་རྒྱས་ཤུགས་ཆེ་བཏང་ནས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་གིས་ཐོན་ལས་ཆུ་ཚད་གོང་མཐོར་བཏང་བ་དང་ཁྱབ་ཁོངས་ཀྱི་རྣམ་པ་ལེགས་བཅོས་བྱས་པ་དང་འབད་བརྩོན་ཆེན་པོས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད20%ཡན་མངོན་འགྱུར་བྱས་པ་དང་གཏན་འཇགས་རྒྱུ་ནོར་མ་འཇོལ་བྱེད་ཚད་འཕར་ཚད30%ཟིན་ནས་དཔལ་འབྱོར་མགྱོགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཀྱིས་ངལ་རྩོལ་ནུས་ཤུགས་ལས་ཞུགས་ལ་དེ་བས་རྒྱ་ཆེ་བའི་བར་སྟོང་མཁོ་འདོན་བྱས་པ་དང་འབད་བརྩོན་ཆེན་པོས་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་འདེད་མངོན་འགྱུར་ཡོང་བར་ཅུང་ལེགས་པའི་ལེགས་ཆ་བསྐྲུན་ཡོད་པ་རེད།

མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མར་དེ་བས་མང་བའི་ལས་ཞུགས་ཀྱི་ལས་གནས་གཏོད་པ། མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མའི་ཡོང་བསྒྲགས་རྒྱུགས་བསྡུའི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ནས་དེ་བས་མང་བའི་སློབ་ཆེན་སློབ་མ་ལས་ཞུགས་ཡོང་བར་འབད་བརྩོན་བྱས་པ་དང་དུས་གཏན་འཁེལ་གྱིས་སློབ་ཆེན་སློབ་མའི་ཆེད་དོན་གདན་ཞུའི་ཚོགས་འདུ་ཚོགས་ནས་མི་སྤྱོད་མཁན་ལས་ཁུངས་དང་སློབ་ཆེན་སློབ་མའི་དབར་དགོས་ངེས་ཀྱི་སྟེགས་བུ་བསྐྲུན་པ་དང་སློབ་ཆེན་སློབ་མ་ཁེ་ལས་ལ་ཁ་ཕྱོགས་པ་དང་གཞི་རིམ་ལ་ཁ་ཕྱོགས་པ། རང་གིས་བྱ་བཞག་གསར་གཏོད་ལ་ཁ་ཕྱོགས་པ་དང་འགུལ་སྐྱོད་ལས་ཞུགས་སོགས་ཀྱི་ལས་ཞུགས་བྱ་ཐབས་གཏོད་པ། ལས་ཞུགས་རོགས་སྐྱོར་ནུས་པ་ཤུགས་ཆེར་བཏང་ནས་ནུས་ཤུགས་ཡོད་རྒུས་སློབ་ཆེན་སློབ་མར་འཚམ་པའི་གཞི་རིམ་དོ་དམ་དང་སྤྱི་པའི་ཞབས་ཞུའི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་གཏོད་བྱེད་པ། སློབ་ཆེན་སློབ་མར་རང་གི་བྱ་གཞག་གསར་གཏོད་ལ་རོགས་སྐྱོར་བྱེད་པའི་ནུས་པ་ཤུགས་ཆེར་བཏང་ནས་དུས་ཐོག་ཏུ་འབྲེལ་ཡོད་བྱ་གཞག་གསར་གཏོད་ཁ་གསབ་དང་རིན་མེད་ཀྱི་འབྲེལ་ཡོད་སྲིད་འཛིན་བྱ་གཞག་རིགས་ཀྱི་དངུལ་བསྡུ་ཕུད་དུ་ཡུན་ལོ་གསུམ་ནང་ཐེངས་གཅིག་རང་བཞིན་གྱི་མ་དངུལ་སྒོར་ཁྲི5ནས10བར་གྱི་ཕོན་ཆུང་ཁག་ཐེག་དངུལ་འབུན་མཁོ་འདོན་བྱེད་པ།

ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷ་མར་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱེད་པ། ཚོང་འགུག་མ་འདྲེན་གྱི་ནུས་པ་ཟམ་མི་ཆད་པར་ཤུགས་ཆེར་བཏང་ནས་ཐོན་ལས་ཁུལ་དང་བཟོ་ལས་ཁུལ་འཛུགས་སྐྱོང་སྟོབས་ཆེར་བཏང་ནས་ལས་ཞུགས་བྱེད་པ་དང་ནུས་ལྡན་ངང་ས་ཆ་དེ་གའི་ངལ་ནུས་ལྷག་མ་ལས་ཞུགས་ཐོག་བསྒྱུར་བ། ཆེད་མངགས་མི་སྣ་སྒྲིག་འཛུགས་བྱས་ནས་ཕྱི་ཕྱོགས་སུ་ངལ་ནུས་ཆ་འཕྲིན་འཚོལ་བསྡུ་དང་ལས་ཀའི་དགོས་མཁོར་རྟོགས་ཞིབ་བྱེད་པ་དང་ངལ་ནུས་གཏོང་འདྲེན་གྱི་རྟེན་གཞི་རྒྱ་ཆེར་གཏོང་བ་དང་ངལ་ནུས་རྒྱ་ཆེར་གཏོང་བ། ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་ལོ་རེར་ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་དང་གྲོང་རྡལ་གྱི་གྲོང་མི་མི་གྲངས30000ཡན་ལ་ལས་ཞུགས་བྱས་པ།

ཁྱིམ་ཚང་གི་ཞབས་ཞུ་ལས་རིགས་འཕེལ་རྒྱས་བཏང་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ། གྲོང་ཁྱེར་དང་སྡེ་ཁུལ་གྱི་འཕེལ་རྒྱས་ཀྱི་དགོས་མཁོ་གསར་པར་གཞིགས་ནས་གཙོ་གནད་ཐོག་ཁྱིམ་སྲིད་ཞབས་ཞུ་དང་འགན་གསོའི་ཞབས་ཞུ། སྡེ་ཁུལ་ལྟ་སྐུལ་ཞབས་ཞུ། ནད་པ་ལྟ་སྐྱོང་ཞབས་ཞུ། དབང་སྐྱོན་གསོ་ཉར་ཞབས་ཞུ་སོགས་ཁྱིམ་ཚང་གི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་དེ་བས་མང་བའི་ལས་ཞུགས་ཀྱི་ལས་གནད་གསར་གཏོད་བྱེད་པ།

ལྗོངས་ཕྱིར་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ལྷ་ས་གྲོང་ཁྱེར་གྱི་སློབ་ཆེན་ཐོན་པའི་སློབ་མ200ཙམ་བསྟོད་སྐུལ་གྱིས་ལྗོངས་ཕྱིར་ལས་ཞུགས་བྱས་པ་དང་པེ་ཅིང་དང་ཅང་སུའུ་ཞིང་ཆེན་གཉིས་དང་སྙོམས་སྒྲིག་གང་ལེགས་ཀྱིས་ལྷ་སའི་ལས་ཞུགས་བོད་སྐྱོར་གྱི་ལས་དོན་ནུས་པ་ཤུགས་ཆེར་བཏང་ནས་ལོ་རེར་ཧ་ལམ་ལས་ཞུགས་ལས་གནས༡༠༠ཙམ་མཁོ་འདོན་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་ངལ་ནུས་ཆ་རྐྱེན་འཛོམས་པའི་མི་སྣ་ལས་ཞུགས་དང་ལེན་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག