མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་སྟེགས་བུ”ཐོག་མའི་སྒོ་བྱང་བཀལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།  2013-06-22 10:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་རྒྱུན་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོན་གཏིང་ཟབ་བྱ་ཆེད་དང་དེ་བས་བུད་མེད་དང་བྱིས་པར་ཞབས་ཞུ་དང་བུད་མེད་དང་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཕྱིར་དང་སྤྱི་ཚོགས་ཡོངས་ཀྱི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ལ་ཤུགས་སྣོན་རྒྱག་ཕྱིར། ཉེ་དུས། ལྷ་ས་གྲོང་ཁྱེར་གྱིས་“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་སྟེགས་བུ”ཐོག་མའི་སྒོ་བྱང་བཀལ་བ་དང་དེས་ལྗོངས་ཡོངས་སུ་ཐོག་མར“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་སྟེགས་བུའི”གསར་འཛུགས་ལས་དོན་འགོ་བརྩམས་པ་མཚོན་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་གཞི་གཞོན་པ་བདེ་སྐྱིད་ཀྱིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི110དམངས་ཕན་ཉེན་དོན་ས་ཚིགས་སུ“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་སྟེགས་བུའི”སྒོ་བྱང་བཀལ་བ་དང་དུས་མཚུངས་ཁེ་དབང་སྲུང་སྐྱོང9ལ་སྒོ་བྱང་སྤྲད་གནང་བ་མ་ཟད་དམངས་ཕན་ཉེན་དོན་ས་ཚིགས་ཀྱི་ཁ་པར་བཤར་གཏོང་གནས་ཚུལ་དང་འབྲེལ་ཡོད་ལམ་ལུགས་འཛུགས་སྐྱོང་གནས་ཚུལ་ལ་རྟོགས་ཞིབ་གནང་བ་རེད།

སྒོ་བྱང་དབྱེ་བའི་མཛད་སྒོའི་ཐོག་སྟོན་པར། རང་ལྗོངས་སུ“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་སྟེགས་བུ”གསར་འཛུགས་ཀྱི་བྱེད་སྒོ་སྤེལ་བ་ནི་ཁེ་དབང་སྲུང་སྐྱོང་དང་བརྟན་ལྷིང་གཉིས་གསར་འཛུགས་བྱ་རྒྱུ་ཟུང་འབྲེལ་གྱིས་ལས་ཀའི་ལམ་ལུགས་སྔོན་འགྲོར་བྱས་ནས་ཆ་ཚང་བའི་ངང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ནུས་པ་འདོན་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་ཐོན་ཁུངས་བེད་སྤྱོད་དང་སྤྱི་ཚོགས་རང་བཞིན་གྱི་ཁེ་དབང་སྲུང་སྐྱོང་ལས་དོན་ལམ་ལུགས་འཛུགས་སྐྱོང་དང་འཐུས་ཚང་དུ་གཏོང་བ་དང་ཁེ་དབང་སྲུང་སྐྱོང་གི་འགན་འཁྲིར་གཞི་ཚུགས་ནས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ལྟེ་བར་འཛིན་པ་དང་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་སྟོན་གནང་བ་རེད།

བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དང་ལྗོངས་བུད་མེད་མཉམ་ཚོགས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་མི་སྣ་དང་སློབ་མའི་འཐུས་མི། སྤྱི་དམངས་ཀྱི་འཐུས་མི་སོགས་སྒོ་བྱང་དབྱེ་བའི་མཛད་སྒོར་ཞུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག