མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བཀྲ་ཤིས་ས་སྐྱའི་ཡིག་མཛོད་ཀྱི་མ་ལག་དཔེ་ཚོགས་པར་བསྐྲུན་འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:49

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དར་སྤེལ་དང་། རང་རྒྱལ་གྱི་གནའ་དཔེ་ལ་སྲུང་སྐྱོབ་དང་ས་སྐྱ་དགོན་པའི་ལོ་རྒྱུས་དང་རིག་རྫས་རིན་ཐང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། ས་སྐྱའི་སྔོན་རབས་པ་རྣམས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་བརྗེ་རེས་མཉམ་བསྲེས་དང་མི་རིགས་དར་རྒྱས་ཐད་ལ་བཞག་པའི་བྱས་རྗེས་བླ་མེད་ལ་རྗེས་དྲན་བཅས་བྱེད་ཆེད། ཉེ་ལམ། བོད་ལྗོངས་མི་དམངས་པར་སྐྲུན་ཁང་གིས«བཀྲ་ཤིས་ས་སྐྱའི་ཡིག་མཛོད»ཞེས་བའི་མ་ལག་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བྱས།

དཔེ་ཚོགས་ཁྲོད«ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ»དང་།«ས་སྐྱ་ལེགས་བཤད»། «ས་སྐྱའི་ཁྲི་པ་རིམ་བྱུང་གི་རྣམ་ཐར»སོགས་བསྡོམས་པའི་དཔེ་དེབ་ཉེར་གསུམ་འདུས་པ་དང་། དཔེ་ཚོགས་ཁྲོད་ལོ་རྒྱུས་དང་ནང་བསྟན། མི་སྣའི་རྣམ་ཐར་བཅས་གཞི་གཅིག་ཏུ་འདུས་ཡོད་པ་དང་། བོད་ལྗོངས་ས་སྐྱའི་ས་གནས་སྲིད་གཞུང་གི་ལོ་རྒྱུས་དང་མི་སྣ་གྲགས་ཅན། སྤྱི་ཚོགས་རིག་གནས། ནང་བསྟན་ཆོས་ལུགས། ས་སྐྱ་དགོན་པའི་ལོ་རྒྱུས་དང་ལམ་ལུགས། ཆོས་ལུགས་ཆོ་ག་སོགས་ཀྱི་ཐད་ནས་ཞིབ་མོར་བཀོད་ཡོད་ལ། ལྷག་པར་དུ་ས་སྐྱ་ཀུན་དགའ་རྒྱལ་མཚན་སོགས་ལོ་རྒྱུས་མི་སྣ་གྲགས་ཅན་གྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཐད་ལ་བཞག་པའི་མཛད་རྗེས་ལ་གདེང་འཇོག་མཐོན་པོ་བྱས་ཡོད། དཔེ་ཚོགས་འདི་ནི་ཏོང་ཧུང་གཉིས་པའི་མཚན་སྙན་ཡོད་པའི་ས་སྐྱ་དགོན་པའི་གནའ་དཔེའི་ཁྲོད་ཀྱི་ཁག་ཅིག་ཡིན་པ་དང་། དེས་དགོན་སྡེ་གྲགས་ཅན་འདིའི་རིག་གནས་བསྟན་བཅོས་ལ་རྒྱུས་ལོན་བྱེད་པར་ཁུངས་སྣེ་ངེས་ཅན་ཞིག་འདོན་སྤྲོད་བྱས་ཡོད།

«བཀྲ་ཤིས་ས་སྐྱའི་ཡིག་མཛོད་»ཀྱི་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བྱས་པ་དེས་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཕུལ་བྱུང་བསྟན་བཅོས་ཀྱི་རྒྱུད་འཛིན་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་བ་ཐོན་ཡོད་པར་མ་ཟད། བོད་ལྗོངས་དང་ནང་ལོགས་ས་ཁུལ་གྱི་རིག་གནས་བརྗེ་རེས་དང་ས་གནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག