མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དམངས་ཁྲོད་རྩོམ་རིག་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:49

1010.jpg

སྤྱི་ཟླ6པའི་ཚེས13ནས་ཚེས14བར། དམངས་ཁྲོད་རྩོམ་རིག་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས13ནས་ཚེས14ཉིན་བར། རིག་གནས་པུའུ་གཟུགས་འདས་རིག་གནས་ཤུལ་བཞག་ལས་ཁུངས་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གཉིས་མཉམ་འབྲེལ་སྒོས་སྤེལ་བའི་རྒྱལ་ཡོངས་དམངས་ཁྲོད་རྩོམ་རིག་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་རིག་གཞུང་བགྲོ་ཚོགས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསྡུས་ཤིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་། པེ་ཅིང་སློབ་ཆེན། པེ་ཅིང་དགེ་འོས་སློབ་ཆེན། ཧྲང་ཧེ་ཧྥུ་ཏན་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ལས་ཁུངས་ཀྱི་ཆེད་མཁས་པ་དང་། ཞིན་ཅང་དང་། མཚོ་སྔོན། ནང་སོག་སོགས་ཀྱི་དམངས་ཁྲོད་རྩོམ་རིག་སྐོར་གྱི་རྒྱལ་ཁབ་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་མི་སྣ60ལྷག་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཛོམས་ཏེ་ལྷན་དུ་དམངས་ཁྲོད་རྩོམ་རིག་སྐོར་གྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འབྲེལ་བའི་གནད་དོན་ཐད་ནས་བགྲོ་གླེང་བྱས།
   ཐེངས་འདིའི་བགྲོ་གླེང་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི«གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་སྤྱི་ཆིངས»ཁྱབ་བསྒྲགས་བྱས་པའི་ལོ་འཁོར10དང«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཟུགས་འདས་རིག་གནས་ཤུལ་བཞག་ཁྲིམས་ལུགས»ལག་བསྟར་བྱས་པའི་ལོ་འཁོར2དང་སྐལ་བ་འགྲིག་ཅིང་། དམངས་ཁྲོད་རྩོམ་རིག་སྐོར་གྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཆེས་ཆེར་ལྡན།
  དུས་ཡུན་ཉིན་གཉིས་ཀྱི་བགྲོ་གླེང་ཚོགས་འདུའི་ཁྲོད། ཚོགས་ཞུགས་པ་རྣམས་ཀྱིས་ཆེད་དོན་གཏམ་བཤད་དང་། རུ་ཁག་བགྲོ་གླེང་། རྒྱུན་འཛིན་པའི་འཁྲབ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་ནས་དམངས་ཁྲོད་རྩོམ་རིག་སྐོར་གྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་མིག་སྔའི་གནས་བབ་དང་གནད་དོན། དེར་མ་ཟད་དེ་དང་འབྲེལ་བའི་ཡུན་རིང་རྒྱུན་མཐུད་འཕེལ་རྒྱས་དང་། རྒྱུན་འཛིན་གསར་སྐྲུན། ཨང་ཀི་ཅན་གྱི་སྲུང་སྐྱོང་ཞིབ་འཇུག་སོགས་གཏམ་གླེང་ལ་གཏིང་ཟབ་སྒོས་བགྲོ་གླེང་བྱས་ཏེ་གཅིག་མཐུན་གྱི་ལྟ་བ་བྱུང་།
  བགྲོ་གླེང་ཚོགས་འདུའི་བཀོད་སྒྲིག་ལྟར། སྤྱི་ཟླ6པའི་ཚེས13ཉིན། མི་སོ་སོ་ནི་རིག་གནས་ཤུལ་བཞག་གི་བདག་པོ་ཡིན་ཞེས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་མི་སྣ་སློབ་རར་བསྐྱོད་པའི་འཁྲབ་སྟོན་དེ་ཀྲུང་དབྱང་མི་རིགས་སློབ་ཆེན་རིག་གནས་ཐོག་ཁང་ཆེན་མོའི་སྙན་ཞུ་ཚོམས་ཁང་དུ་སྤེལ་ཞིང་། སློབ་མ་རྣམས་ལ་དམངས་ཁྲོད་རྩོམ་རིག་གི་ངོ་མཚར་རང་བཞིན་རྟོགས་སུ་བཅུག་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག