མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སྙེ་མོ་ཐོན་པ་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གཟབ་རྒྱས་ངང་གཉེར་མགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-06-21 11:30

27-175676-11.jpg
བོད་ལྗོངས་སྙེ་མོ་ཐོན་པ་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གཉེར་མགོ་ཚུགས་པའི་མཛད་སྒོ།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས20ཉིན་གྱི་སྔ་དྲོ། བོད་ལྗོངས་སྙེ་མོ་ཐོན་པ་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གཟབ་རྒྱས་ངང་གཉེར་མགོ་ཚུགས་པའི་མཛད་སྒོ་སྤེལ། གནས་འདི་ནི་བོད་ཡིག་གསར་བཟོ་མཛད་པོ་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་དང་བོད་སྤོས་ཀྱི་ཕ་ས་ཡིན་ལ། རྒྱལ་ཡོངས་ན་བོད་ཀྱི་སྐད་དང་ཡི་གེ་བརྗོད་དོན་གྱི་བཤམས་སྟོན་ཁང་ཐོག་མ་ཡིན། ཐོན་པ་གཞིས་ཀ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་བརྒྱད་ཀྱི་ནུས་རྩལ་འགྲེམ་སྟོན། ལོ་ངོ་སྟོང་ལྷག་ལ་རྒྱུན་འཛིན་བྱས་པའི་ཆུ་འཁོར་བོད་སྤོས་ལག་རྩལ་སོགས་ནི་མཛེས་ལྗོངས་ཁུལ་འདིའི་ཁྱད་ཆོས་གཙོ་བོ་རེད།

   རྒྱུས་ལོན་བྱུང་བ་ལྟར་ན། ཐོན་པ་མཛེས་ལྗོངས་ཁུལ་ནི་དུས་ཡུན་ལོ1ལྷག་གི་རིང་ལས་ནས་དངོས་སུ་ལེགས་འགྲུབ་བྱུང་བ་དང་། མིག་སྔར་གནས་དེ་ནི་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ཡུལ་སྐོར་ལམ་ཐིག་གི་ཡུལ་སྐོར་བྱེད་ཡུལ་དང་། ཉོ་ཚོང་། བཟའ་བཏུང་བཅས་གཅིག་ཏུ་སྦྱར་བའི་མཛེས་ལྗོངས་ཁུལ་དུ་ངེས། མཛེས་ལྗོངས་ཁུལ་འདི་ལས་གཉེར་བྱས་པ་ལས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱལ་ལ་སྣེ་ཁྲིད་དང་། ས་གནས་ཀྱི་བོད་སྤོས་བཟོ་བའི་དུད་ཁྱིམ་ཉིས་བརྒྱ་ལྷག་ལ་ཁེ་ཕན་མི་དམན་པ་བསྐྲུན་ཐུབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག