མི་ཚོགས་ཀྱི་ཁེངས་པའི་ངོ་འཕྲད་ཚོགས་འདུ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས18ཉིན། བོད་ལྗོངས་གཞིས་རྩེ་ས་ཁུལ་གྱིས་སྤྱི་ལོ2013ལོའི་ཐེངས་ལྔ་པའི་ལས་ཞུགས་ངོ་འཕྲད་ཚོགས་འདུ་འཚོགས་པ་དང་། ཚན་པ28ཀྱིས་ཚོགས་འདུའི་ཐོག་ལས་ཞུགས་བྱེད་མཁན་མི1789ལ་ལས་གནས1423མཁོ་འདོན་བྱས་ཡོད། ཉིན་དེར་མི་གྲངས1163གྱིས་ཐོག་མའི་ལས་ཞུགས་བློ་མཐུན་བྱུང་ནས་ལས་ཞུགས་ཐུབ་ཚད65%ཟིན་ཡོད་པ་རེད། །