ཧྲང་ཧེ་མེ་འཁོར་འབབ་ཚུགས་ཀྱི་ལས་དོན་མི་སྣས་ནད་གཞི་དྲག་སྐྱེས་བྱུང་བའི་བྱིས་པར་ལག་རྟགས་སྤྲོད་བཞིན་པ།
དྲག་སྐྱེས་བྱུང་བའི་བྱིས་པ་ཚོས་མེ་འཁོར་འབབ་ཚུགས་ཀྱི་ལས་དོན་མི་སྣར་ཞལ་གྱེས་ཞུ་བཞིན་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་ཧྲང་ཧེ་གྲོང་ཁྱེར་དུ་ལྷན་སྐྱེས་སྙིང་ནད་རིན་མེད་གཤག་བཅོས་བྱེད་པར་བསྐྱོད་པའི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་བྱིས་པ20ནད་གཞི་དྲག་སྐྱེས་བྱུང་ནས་རང་ཡུལ་ཕྱོགས་སུ་ལོག་ཡོད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་རིན་མེད་སྨན་བཅོས་བྱས་པའི་བྱིས་པའི་ནང་གི་ཆེ་ཤོས་ལོ17དང་ཆུང་ཤོས་ལོ2ལ་སླེབས་ཡོད་པ་རེད། །