མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་མ་ཕམ་གཡུ་མཚོའི་འདམ་ར་སྲུང་སྐྱོང་དང་བསྐྱར་བཟོའི་ལས་གྲྭ་རྩ་བའི་ཆ་གནས་མཇུག་སྒྲིལ་བ།

རྩོམ་པ་པོ། ནོར་བུས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2013-06-14 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་མངའ་རིས་ས་ཁུལ་ནགས་ལས་ཅུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མ་ཕམ་གཡུ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འདམ་ར་སྲུང་སྐྱོང་དང་བསྐྱར་བཟོའི་ལས་གྲྭ་མིག་སྔར་རྩ་བའི་ཆ་ནས་མཇུག་སྒྲིལ་བ་དང་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དང་། དོ་དམ་ནུས་པ། སྐྱེ་ཁམས་བཅས་གོང་མཐོར་ཤུགས་ཆེ་ཕྱིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མ་ཕམ་གཡུ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འདམ་ར་སྲུང་སྐྱོང་དང་བསྐྱར་བཟོའི་ལས་གྲྭའི་རྣམ་གྲངས་ལ་ཁྱོན་དངུལ་སྒོར་ཁྲི2990མ་འཇོག་བྱས་ཡོད་པ་དང་དེའི་ཁྲོད་སྲུང་སྐྱོང་ལས་གྲྭ་དང་། ནུས་ཤུགས་ལས་གྲྭ་དེ་མིན་བག་བཙོག་ཚོད་འཛིན་དང་འདམ་གཞོང་འགོག་གསོ། སྐྱེ་དངོས་སླར་གསོ་སོགས་ཚུད་ཡོད་པ་རེད།

མངའ་རིས་ས་ཁུལ་ནགས་ལས་ཅུད་ཀྱི་ཏང་ཙུའུ་ཧྲུའུ་ཅི་དཀོན་མཆོག་བསྟན་འཛིན་གྱིས་རྣམ་གྲངས་དེ་རྩ་བའི་ཆ་ནས་སྐྲུན་ཟིན་པ་དེས་མ་ཕམ་གཡུ་མཚོའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ནུས་པ་སྔར་བས་གོང་མཐོར་སོང་ནས་འདམ་རའི་ཆུའི་ནུས་པ་དང་། གནམ་གཤིས། ས་ཆུའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་རྒྱུ་རྒྱུན་འཁྱོངས་ཐུབ་ནས་ས་མཐོའི་རྩེ་ཤིང་དང་སྐྱེ་ཁམས་སྲུང་སྐྱོང་བཅས་ཀྱི་ཐད་སྐུལ་འདེད་བཏང་རྒྱུ་ཡིན་པ་རེད་ཅེས་གསུངས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག