མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྤྱི་ཟླ6པའི་ཚེས10ཉིན་ནས་བཟུང་ལྷ་ས་ནས་ཟི་ལིང་བར་གནས་སྐབས་འགྲོ་འོང་གི་མེ་འཁོར་ཁ་སྣོན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།  2013-06-11 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6ཚེས9ཉིན། གསར་འགོད་པས་བོད་ལྗོངས་ལྷ་ས་མེ་འཁོར་འབབ་ཚུགས་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་སུ་ཡུལ་སྐོར་འབེལ་བའི་དུས་ཚིགས་ཟིན་པ་དང་བསྟུན་ནས་མཚོ་བོད་ལྕགས་ལམ་ཀུང་སིས་སྤྱི་ཟླ6ཚེས10ཉིན་ནས་བཟུང་ཉིན་རེར་ལྷ་ས་ནས་ཟི་ལིང་བར་ཕར་འགྲོ་ཚུར་འོང་གི་གནས་སྐབས་མེ་འཁོར་ཐེངས་རེ་ཁ་སྣོན་བྱ་རྒྱུ་གཏན་འཁེལ་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བའི་དགོས་མཁོ་བསྐངས་རྒྱུ་ཡིན་པ་རེད།

ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་འགན་འཁུར་བ་གཞོན་པ་ཀྲང་ཆའང་གི་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཡུལ་སྐོར་འབེལ་བའི་དུས་ཚིགས་ཟིན་པ་དང་བསྟུན་ནས་ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་ཉིན་རེར་ཆ་སྙོམས་འགྲུལ་པར་སྣེ་ལེན་བྱེད་ཚད་མི་གྲངས3000ཙམ་ཟིན་པ་དང་སྔོན་དཔག་ལྟར་ན་ཟླ་བ6པའི་ཟླ་མཇུག་ཏུ་ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་ཉིན་རེར་ཆ་སྙོམས་འགྲུལ་པར་སྣེ་ལེན་བྱེད་ཚད་མི་གྲངས4000ཙམ་ཟིན་རྒྱུ་ཡིན་པ་རེད། འགྲུལ་པ་ཚོའི་དགོས་མཁོ་སྔར་བས་ལེགས་པ་བསྐོངས་ཐུབ་ཆེད་མཚོ་བོད་ལྕགས་ལམ་ཀུང་སིས་སྤྱི་ཟླ6པའི་ཚེས10ཉིན་ནས་བཟུང་ཉིན་རེར་ལྷ་ས་ནས་ཟི་ལིང་བར་ཕར་འགྲོ་ཚུར་འོང་གི་གནས་སྐབས་མེ་འཁོར་ཐེངས་རེ་ཁ་སྣོན་བྱ་རྒྱུ་གཏན་འཁེལ་བྱས་པ་དང་མེ་འཁོར་རེ་རེས་ཐེངས་རེར་འགྲུལ་པ་མི་གྲངས870ཡི་འགྲུལ་བཞུད་དགོས་མཁོ་བསྐོངས་ཐུབ་པ་དང་ཚད་གཞི་ངེས་ཅན་གྱི་ཐོག་ནས་ཡུལ་སྐོར་འབེལ་བའི་དུས་ཚིགས་ཀྱི་བོད་དུ་ཡོང་བ་དང་བོད་ནས་ཕྱིར་བསྐྱོད་པའི་འགྲིམ་འགྲུལ་གྱི་དཀའ་ངལ་སེལ་ཐུབ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། གསར་དུ་ཁ་སྣོན་བྱས་པའི་མེ་འཁོར་ནི K9812/k9811ཡིན་པ་དང་ཉིན་རེའི་ཆུ་ཚོད17ཐོག་ལྷ་ས་ནས་ཐོན་པ་དང་ཕྱི་ཉིན་གྱི་ཆུ་ཚོད16ཐོག་ཟི་ལིང་འབྱོར་བ་དང་ཟི་ལིང་ནས་མེ་འཁོར་གཏོང་བའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད22ཐོག་ཡིན་པ་དང་ཕྱི་ཉིན་གྱི་ཆུ་ཚོད21དང་སྐར་མ40ཡི་ཐོག་ལྷ་སར་འབྱོར་གྱི་ཡོད། ཡུལ་སྐོར་བས་དྲ་བ་དང་ཁ་པར་ཐོག་ནས་སྤ་སེ་མངགས་ཉོ་གནང་ཆོག་ལ་སྤ་སེ་འཚོང་ཡུལ་ཁག་ཏུ་ཕེབས་ནས་སྤེ་ཉོས་ནའང་ཆོག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག