མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚན་པས་གྱོད་དོན་ཐག་གཅོད་ཐུབ་ཚད100%ཟིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-11 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ན་ནིང་བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྒོ་ཀུན་ནས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞིའི་རྣམ་གྲངས10ལག་བསྟར་བྱས་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར6.76དོན་འཁྱོལ་བྱས་པ་དང་། རིགས་ཁག་གི་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར36.81བརྩོན་ལེན་ཧུར་ཐག་བྱས་པ་དང་། འབག་བཙོག་འགོག་བཅོས་ལས་ཀ་གཏིང་ཟབ་སྤེལ་ནས་གཙོ་གནད་ཁུལ་གྱི་ལྕགས་རིགས་ལྕི་བའི་འབག་བཙོག་འགོག་བཅོས་བྱེད་པ་དང་འཁྲེག་གཟུགས་ཟོག་རོ་མཐིལ་རྟོགས་ཞིབ་བཤེར་བྱེད་པ། ཁེ་ལས་ཀྱི་དྭངས་གཙང་ཐོན་སྐྱེད་ལ་ཞིབ་དཔྱད་བྱེད་པའི་ལས་ཀར་གཙོ་གནད་ཐོག་ལྟ་སྐུལ་ཚོད་འཛིན་བྱེད་པ་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་བ་དང་དུས་མཚུངས། འགྱེད་འཕྲོའི་ཁོར་ཡུག་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཁུལ(གྲོང་ཁྱེར)བདུན་གྱི་རྫོང66གི་འགྱེད་འཕྲོའི་ཐོན་ཁུངས་དང་། འཕྲོ་འོད་སྒྲིག་ཆས་བེད་སྤྱོད་གཏོང་མཁན་ལས་ཁུངས་ལ་ས་ཆ་དངོས་ཀྱི་ཞིབ་བཤེར་བྱས་ནས། ལས་ཁུངས105ལ་འགྱེད་འཕྲོའི་བདེ་འཇགས་ཆོག་འཐུས་ལག་འཁྱེར་སྤྲད་དེ་ཁྱོན་ལས་ཁུངས160ལ་འགྱེད་འཕྲོའི་བདེ་འཇགས་ཆོག་འཐུས་ལག་འཁྱེར་རག་ཡོད་པ་རེད།

ཁོར་ཡུག་ཁྲིམས་འཛིན་གྱི་ལྟ་སྐུལ་དོ་དམ་ནན་པོ་བྱེད་པ་དང་། བོད་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚན་པས་ཁྱོན་མང་ཚོགས་ཀྱི་ཁ་པར་དང་ཡིག་སྐུར་ཞུ་གཏུགས166བདག་གཉེར་བྱས་ནས་ཐག་གཅོད་ཐུབ་པ་མ་ཟད། གྱོད་དོན་ཐག་གཅོད་ཐུབ་ཚད100%ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག