མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གཞི་མཐའ་མའི་དུས་མཚམས་སུ་སླེབས་པའི་སྐུལ་སློང་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-11 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གཞི་ཁྱོན་ཡོངས་ནས་སྤེལ་བ་དེ་མཐའ་མའི་དུས་མཚམས་སུ་སླེབས་པའི་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། ཚང་མས་བློ་རྩ་བརྟན་པོ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཉིན20འབད་འཐབ་བྱས་ཏེ། གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གཞིའི་འཛུགས་སྐྲུན་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་ཡོང་བ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ལྷ་སའི་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གཞི་འཛུགས་སྐྲུན་ལས་འགོ་ཚུགས་ཚུན། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་ལྷོད་གཡེང་མ་བྱས་པར་སྤུས་ཚད་འགན་ལེན་དང་ལས་གཞིའི་རྣམ་གྲངས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། འཛུགས་སྐྲུན་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཡོང་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད་པ་རེད།

 ཚོགས་འདུའི་ཐོག་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་དང་འབྲེལ་ཡོད་ཚན་པ་ཁག་ལ། སྔར་ལས་ལྷག་པའི་སྒོ་ནས་ལྷུ་ཚིགས་ཞན་ས་དང་གཙོ་གནད། དཀའ་གནད་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དུས་ཚོད་ཐུང་ཐུང་ནང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཐུབ་པ་བྱེད་པ་དང༌། ཉིན20འབད་བརྩོན་བྱས་ཏེ་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་གྱི་མཐའ་མའི་རྒྱལ་ཁ་ལེན་དགོས་པའི་ནན་བཤད་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག