མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་རུ་གཟུགས་འདུས་རིག་གནས་ཀྱི་ཤུལ་བཞག76ཡོད་པ་དང་གཟུགས་འདུས་རིག་གནས་ཤུལ་བཞག་ཐད་ཀྱི་སློབ་དེབ་ལོ་མཇུག་ཏུ་པར་བསྐྲུན་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-10 09:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ལྷ་ས་གྲོང་ཁྱེར་རིག་གནས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་གཟུགས་འདུས་རིག་གནས་ཤུལ་བཞག76ལ་སླེབས་ཡོད་པ་དང་། གཟུགས་འདུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་ཆེད། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ན་གཞོན་རྣམས་ལ་ཁ་གཏད་པའི་གཟུགས་འདུས་རིག་གནས་ཤུལ་བཞག་གི་རང་ཡུལ་སློབ་དེབ་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་། ཚོད་དཔག་ལྟར་ན་ལོ་མཇུག་ཏུ་པར་བསྐྲུན་བྱས་ནས། ལྷ་སའི་སློབ་གྲྭ་སོ་སོར་བཀྲམས་ནས་ཁྱབ་གདལ་དུ་གཏོང་རྒྱུ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་ལྷ་ས་གྲོང་ཁྱེར་དུ་བོད་ཀྱི་ཟློས་གར་དང་། ལྷ་སའི་ནངས་མ། བོད་ཀྱི་རྡོ་ཚོན་སྦྱོར་བཟོ་སོགས་རྒྱལ་ཁབ་རིམ་པའི་གཟུགས་འདུས་རིག་གནས་ཤུལ་བཞག20ཡོད་པ་དང་། ལྷ་སའི་བསྟོད་གཞས་དང་ཨར་ག་རྒྱག་པ་སོགས་བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདུས་རིག་གནས་ཤུལ་བཞག31ཡོད་པ་མ་ཟད། ལྷ་སའི་གྲོང་ཁྱེར་རིམ་པའི་གཟུགས་འདུས་རིག་གནས་ཤུལ་བཞག་གི་ཚབ་བྱེད་དཀར་ཆག་མ་ལག་བཙུགས་ཡོད་པ་དང་། གཟུགས་འདུས་རིག་གནས་ཤུལ་བཞག་གི་ལས་གཞིའི་ཚབ་བྱེད་རང་བཞིན་གྱི་རྒྱུད་འཛིན་པ་མི66ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག