མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

《བོད་ལྗོངས་ཀྱི་གནའ་བོའི་ཨར་བསྐྲུན》ཞེས་པའི་མ་ཟིན་ཐོག་མ་འབྲི་རྒྱུ་ལེགས་འགྲུབ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།  2013-06-10 09:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས8ཉིན་གྱི་སྔ་དྲོ། 《བོད་ལྗོངས་ཀྱི་གནའ་བོའི་ཨར་བསྐྲུན》ཞེས་པའི་རྩོམ་འབྲིའི་ལས་དོན་གྱིས་བཞུགས་མོལ་ཚོགས་འདུ་བོད་ལྗོངས་ལྷ་ས་རུ་འཚོགས་པ་རེད། ཀྲུང་གོ་ཨར་བསྐྲུན་ཚོགས་ལྷན་ཚོགས་དང་རང་སྐྱོང་ལྗོངས་སྡོད་ཁང་དང་འཛུགས་སྐྲུན་ཐིང་། མི་རིགས་ཆོས་ལུགས་ཨུ་ལྷན། བོད་ལྗོངས་ཉིན་རེའི་ཚགས་པར། བོད་ལྗོངས་སློབ་ཆེན། ལྷོ་ནུས་འགྲིམ་འགྲུལ་སློབ་ཆེན་དང་ཝུའུ་ཧན་སློབ་ཆེན་སོགས་སྡེ་ཚན་ནས་ཕེབས་པའི་ཆེད་ལས་མཁས་དབང་གིས་རྩོམ་འབྲིའི་ནང་དོན་ལ་གྲོས་ཞིབ་གནང་བ་རེད།

《ཀྲུང་གོའི་གནའ་བོའི་ཨར་བསྐྲུན་དཔེ་ཚོགས》ཀྱི་གྲུབ་ཆའི་ཆ་ཤས་ཤིག་ཡིན་པ་ཆ་ནས《བོད་ལྗོངས་ཀྱི་གནའ་བོའི་ཨར་བསྐྲུན》ཞེས་པའི་རྩོམ་འབྲི་དང་ཞིབ་འཇུག་ལས་དོན2010ལོར་དངོས་སུ་འགོ་བཙུགས་པ་དང་མིག་སྔར་ཐོག་མའི་མ་ཟིན་འབྲི་རྒྱུ་ལེགས་གྲུབ་བྱུང་ནས་ནང་དོན་བཟོ་བཅོས་དང་ཆ་ཚང་དུ་གཏོང་བའི་དུས་རིམ་སུ་སླེབས་ཡོད་པ་རེད། དེབ་འདི་ལོ་རྒྱུས་ཀྱི་གྲུབ་རྐྱེན་དང་འཕེལ་རྒྱས་ཀྱི་འགྱུར་ལྡོག གནས་འདེམས་བཀོད་སྒྲིག་བྱ་ཚུལ། གཞི་ཁྱོན་གྱི་ནུས་པ། ཨར་བསྐྲུན་གྱི་ཁྱད་ཆོས་སོགས་ཐད་ཁྱོན་ཡོངས་ནས་བོད་ལྗོངས་ས་ཁུལ་གྱི་ཕོ་བྲང་དང་དགོན་སྡེ། གཞིས་ཀ། སྡོད་ཁང་། རྫོང་རི་སོགས་གནའ་བོའི་ཨར་བསྐྲུན་གྱི་ལོ་རྒྱུས་རྣམ་པ་མངོན་པ་དང་སྔར་བས་གཏིང་ཟབ་པའི་བོད་ལྗོངས་ཀྱི་ཡུལ་སྐོར་རིག་གནས་ཐོན་ཁུངས་སྔོན་འདོན་དང་དྲིལ་བསྒྲགས་བྱེད་པར་ཕན་ཐོགས་ཡོད་ལ་དུས་མཚུངས་སུ་བོད་ལྗོངས་ཀྱི་གནའ་བོའི་ཨར་བསྐྲུན་ཞིབ་འཇུག་དང་སྤྱི་ཚོགས་ཀྱི་སྤྱི་དམངས་ཡོངས་ཀྱི་བོད་ལྗོངས་ཀྱི་གནའ་བོའི་ཨར་བསྐྲུན་ལོ་རྒྱུས་སྤྱི་བཤད་ལ་ཆེད་ལས་ཀྱི་མཛུབ་སྟོན་དང་ཆེད་ལས་ཀྱི་ལྟ་སྟངས་མཁོ་འདོན་བྱ་རྒྱུ་ཡིན་པ་དང་སྔར་བས་བོད་ལྗོངས་ཀྱི་གནའ་བོའི་ཨར་བསྐྲུན་དང་རིག་དངོས་སྲུང་སྐྱོབ་ལས་དོན་ལ་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། དེབ་འདི་སྔོན་རྩིས་ལྟར་ན2015ལོར་དཔེ་སྐྲུན་པར་འགྲེམས་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག