མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཐོན་སྐྱེད་བདེ་འཇགས་ཟླ་བའི་འགོ་ཚུགས་མཛད་སྒོ་གཉེར་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-10 09:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས7ཉིན་གྱི་སྔ་དྲོ། བོད་ལྗོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཟླ་བའི་བྱེད་སྒོའི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་ལྷ་སར་ཐོན་སྐྱེད་བདེ་འཇགས་ཟླ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དང་ཐོན་སྐྱེད་བདེ་འཇགས་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་མཛད་སྒོར་ཕེབས་པ་མ་ཟད་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་རེད།

འགོ་འཛུགས་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཟླ་བའི་བྱེད་སྒོའི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས། ལྗོངས་ཡོངས་ཀྱི་འབྲེལ་ཡོད་ཚན་པ་དང་ལས་ཁུངས་ཁག་གིས་ཐོན་སྐྱེད་བདེ་འཇགས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི། ཏང་དང་རྒྱལ་ཁབ་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བ། བདེ་འཇགས་རིག་གནས་དར་སྤེལ་གཏོང་བ་བཅས་བྱས་ནས་ཚབ་ཆེའི་ལས་འཛོལ་ལ་དོགས་ཟོན་དང་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པའི་བླང་བྱ་སྟོན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ6པའི་ཚེས1ནས་ཚེས30ཉིན་བར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཟླ་བའི་བྱེད་སྒོ་དེ་ས་ཁུལ་དང་རྫོང་ཁག དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་ཁག ཁེ་ལས་དང་བྱ་གཞག་ཚན་པ་བཅས་སུ་སྤེལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག