མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2013ལོའི་ཡར་ཀླུང་གཙང་པོའི་རིག་གནས་དུས་ཆེན་དེ་སྤྱི་ཟླ8པའི་ཚེས15ཉིན་ནས་ཚེས21ཉིན་བར་སྤེལ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-06-10 09:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས8ཉིན2013ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་གཙང་པོའི་རིག་གནས་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ཀྲུང་གུང་ལྷོ་ཁ་ས་ཨུད་དང་། ལྷོ་ཁ་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཡར་ཀླུང་གཙང་པོའི་རིག་གནས་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་སྒྲུབ་འགན་འཁུར་བའི2013ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་གཙང་པོའི་རིག་གནས་དུས་ཆེན་དེ་སྤྱི་ཟླ8པའི་ཚེས15ཉིན་ནས་ཚེས21ཉིན་བར་ལྷོ་ཁ་རྩེད་ཐང་ནས་གཟབ་རྒྱས་ངང་འཚོག་རྒྱུ་རེད།

ཡར་ཀླུང་རིག་གནས་དུས་ཆེན་གྱིས་བོད་ཀྱི་འབྱུང་ཁོངས། བོད་ཀྱི་ལས་འབྲེལ་ཏེ་བསྟོད་གླུ་ལྷོ་ཁར་ལེན་ཞེས་པ་བརྗོད་གཞི་བྱས་པ་དང་། དུས་ཆེན་སྤེལ་ནས་མཚམས་སྦྱོར་དང་། དུས་ཆེན་ལ་བརྟེན་ནས་ཡུལ་སྐོར་སྐུལ་འདེད་བྱེད་པ། དུས་ཆེན་ལ་བརྟེན་ནས་བྱ་གཞག་གོང་དུ་སྤེལ་བ་བཅས་དམིགས་འབེན་དུ་བཟུང་སྟེ། ཁྱད་ཆོས་ཕྱོགས་གཅིག་ཏུ་བསྡུས་ནས་ངོམ་པ་དང་། ཚོགས་མི་རྒྱ་བསྐྱེད་པའི་བྱེད་ཐབས་ལ་སྔར་བས་དོ་སྣང་བྱས་ནས་དུས་ཆེན་འགོ་མཇུག་གི་མཛད་སྒོའི་སྟེང་རིག་རྩལ་འཁྲབ་སྟོན་དང་། ཚོང་འགུག་དངུལ་འདྲེན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ། ལྷོ་ཁའི་གཞས་གསར་སྤྲོ་ཚོགས། དམངས་སྲོལ་གླུ་གར་ཆེ་གྲས《ཡར་ཀླུང་གཙང་པོ》འཁྲབ་སྟོན། དམངས་ཁྲོད་གླུ་གར་སྒྱུ་རྩལ་འཁྲབ་སྟོན། ལྷོ་ཁའི་ཁྱད་ཆོས་རིག་གནས་པར་རིས་ལམ་ནས་སྟོན་པ། བོད་ཀྱི་དམངས་གླུ་འགྲན་བསྡུར་ཐོག་མའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བྱེད་སྒོ། ཡུལ་སྐོར་གྱི་མུ་འབྲེལ་ནང་དོན་ལ་སོགས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག