མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆ་འཕྲིན་ཅན་གྱི་བོད་སྐྱོར་རྣམ་གྲངས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-10 09:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས7ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཆ་འཕྲིན་ཅན་གྱི་བོད་སྐྱོར་རྣམ་གྲངས་ཀྱི་ཞིབ་བཤེར་རྩིས་ལེན་གྱི་བཞུགས་མོལ་ཚོགས་འདུ་བོད་ལྗོངས་ལྷ་ས་རུ་འཚོགས་པ་དང་། ཚོགས་འདུའི་ཐོག་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་བོད་སྐྱོར་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་བོད་སྐྱོར་ལས་དོན་སྤེལ་ཕྱོགས་ཐད་བསམ་འཆར་སྤེལ་རེས་བྱས་པ་རེད།

གསར་འགོད་པས་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཡུན་རིང་པོའི་ནང་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས། བོད་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ལས་དོན་ལ་མཐོང་ཆེན་གནང་བ་དང་། ལྷག་པར་དུ་བོད་ལྗོངས་ཀྱི་ལག་རྩལ་མི་སྣའི་སྦྱོང་བརྡར་དང་མཉེན་ཆས་ཀྱི་རྨང་གཞིའི་འཛུགས་སྐྲུན་ཐད་མཐོང་ཆེན་གནང་ཡོད་པ་རེད། སྤྱི་ལོ2010ལོའི་ཚུན་དུ་བོད་ལྗོངས་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཐད་ཀྱི་ཀྲུང་དབྱང་གི་ཁ་གསབ་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་ཙམ་གཤམ་སྤྲོད་བྱས་ཏེ། ཤེས་ལྡན་པ་དང་ལག་རྩལ། སྒྲིག་ཆས། མ་དངུལ་སོགས་ཀྱི་ཐད་ནས་རང་ལྗོངས་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཚན་པར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས། བོད་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཆ་འཕྲིན་དྲ་བའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི་ཚོ340.8 བཏང་སྟེ། བོད་ལ་དྲ་བའི་ལྟེ་གནས་ཀྱི་གྲངས་གཞིའི་འཕྲུལ་འཁོར་ཁང་དང་གཙོ་ཆེའི་དྲ་ཚུགས་སྐྲུན་རྒྱུར་རོགས་རམ་བྱས་པས། ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ལ་དངོས་གཞིའི་གློག་རྡུལ་དྲ་ཚུགས་མེད་པའི་སྟོང་ཆ་བསྐོང་ཐུབ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག