མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སོགས་སུ་རྒྱལ་ཁབ་གློག་དྲ་ཀུང་སིའི་གློག་དུད་ཚང་ཀུན་ཁྱབ་ཀྱི་ལས་གཞི་སྤེལ་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-09 11:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས7ཉིན། རྒྱལ་ཁབ་གློག་དྲ་ཀུང་སིས་སྒྲིག་འཛུགས་བྱས་པའི་བོད་ལྗོངས་དང་ཤིན་ཅང་། མཚོ་སྔོན། ཟི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་གློག་མེད་པའི་ས་ཁུལ་གྱི་གློག་དུད་ཚང་ཀུན་ཁྱབ་ཀྱི་གྲོས་མཐུན་ལ་མིང་རྟགས་འགོད་པ་དང་སྐུལ་སློང་བྱེད་པའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཁབ་གློག་དྲ་ཀུང་སིའི་ལས་འཛིན་པ། སྤྱི་ཁྱབ་ཅིང་ལི་ཧྲུའུ་དབྱིན་པེའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ལྕགས་ར་བློ་བཟང་བསྟན་འཛིན་ནས་བོད་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་ཀྱི་གློག་དྲ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གློག་ཤུགས་ཐད་ངོ་ཚབ་དོ་དམ་བྱེད་རྒྱུར་སྒྲིག་འཛུགས་དང་མཐུན་སྦྱོར། གཞོགས་འདེགས། ཞབས་ཞུ་བཅས་བྱེད་པའི་ལས་ཀ་ཧུར་ཐག་བྱེད་རྒྱུ་མ་ཟད། འགོ་ཁྲིད་ནན་གཏོང་དང་དོན་འཁྱོལ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། མཐུན་སྦྱོར་དམ་འཛིན་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཐུན་མོང་ཐོག་འབད་བརྩོན་དང་ལག་བསྟར་བྱེད་མགྱོགས་སུ་གཏོང་བ་བཅས་བྱེད་རྒྱུ་རེད་ཅེས་གསུངས་པ་རེད། ཚོགས་འདུའི་ཐོག་རྒྱལ་ཁབ་གློག་དྲ་ཀུང་སིས་བོད་རང་སྐྱོང་ལྗོངས་དང་གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་གྲོས་མཐུན་དང་། རྒྱལ་ཁབ་གློག་དྲ་ཁྱབ་པའི་ས་ཁོངས་ཀྱི་གྲོང་གསེབ་ཀྱི་གློག་ཤུགས་ཐད་ངོ་ཚབ་དོ་དམ་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག