མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཁོར་ཡུག་ཕལ་ཆེ་བ་སྔར་བཞིན་གདོད་མའི་རྣམ་པ་བཞིན་གནས་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-06-09 11:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྤྱི་ཟླ6པའི་ཚེས5ཉིན་ཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་སྤྱི་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་བྱས་པ་ལྟར་ན།2012ལོར་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་ཆུ་དང་མཁའ་རླུང་། ས་རྒྱུ། སྐྱེ་དངོས་ཁོར་ཡུག་སོགས་ཕྱོགས་ཀུན་ནས་ཅུང་ལེགས་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་པ་དང་ཁྱབ་ཁོངས་ཕལ་ཆེ་བ་སྔར་བཞིན་གདོད་མའི་རྣམ་པ་བཞིན་གནས་ཡོད་པས་ཁོར་ཡུག་གི་ཐད་ནས་གནོད་སྐྱོན་ཆེན་པོ་མེད། བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་གི་ཁོར་ཡུག་སྤུས་ཚད་ཅུང་ལེགས་པའི་ས་ཆའི་གྲས་སུ་གཏོགས་པ་རེད།

བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་གཏམ་བཤད་སྤེལ་མཁན། དྲུང་ཡིག་ཆེན་མོ་གཞོན་པ་སྐར་མ་ཚེ་བརྟན་གྱིས་བཤད་རྒྱུར། 2012ལོར་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་གཙང་ཆུའི་སྤུས་ཚད་ཁྱོན་ཡོངས་ནས་རིམ་པ་གསུམ་རིགས་ཀྱི་ཆུ་ཁོངས་ཚད་གཞི་ལོན་པ་དང་ཆུ་རྒྱུན་ཁ་ཤས་རིམ་པ་གཉིས་པའི་རིགས་ཀྱི་ཆུ་ཁོངས་ཚད་གཞི་ལོན་ཡོད་པ། གཙོ་བོའི་མཚོ་མཚེའུ་རྣམས་སྤྱིའི་ཡོངས་ནས་རིམ་པ་དང་པོའི་རིགས་ཀྱི་ཆུ་ཁོངས་ཚད་གཞི་ལོན་ཡོད་པ་རེད།གཙོ་བོ་ཆུ་བོའི་བཙོག་སྐྱོན་སྣ་ཚོགས་ཚད་ངེས་ཅན་ནས་ཚོད་འཛིན་ལེགས་པོ་བྱེད་ཐུབ་ཀི་ཡོད་པ་དང་། གཙང་ཆུ་དང་མཚེའུ་ཁ་ཤས་སྔར་བཞིན་གནའ་བོའི་རྣམ་པར་གནས་ཡོད་པ་རེད།

རྒྱུས་ལོན་བྱས་པ་ལྟར་ན། 2012ལོར་བོད་ལྗོངས་ཀྱིས་རིགས་ཆེན་པོ་གསུམ་གྱི་རྣམ་གྲངས་བཅུའི་སྐྱེ་དངོས་བདེ་འཇགས་འགན་སྲུང་སྲུང་སྐྱོབ་དང་འཛུགས་སྐྲུན་ལག་བསྟར་བྱས་པ་དང་། ཁྱོན་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་བདུན་ལྷག་དོན་འཁྱོལ་བྱས་ཡོད་པ་རེད། རིགས་ཁག་གི་སྐྱེ་དངོས་ཁ་གསབ་མ་དངུལ་སྒོར་ཐེར་འབུམ3དང་དུང་ཕྱུར6ལྷག་བརྩོན་ལེན་བྱས་པ་དང་སྐྱེ་དངོས་ཁོར་ཡུག་སྲུང་སྐྱོང་བྱ་བར་ཡུན་རིང་ཕན་ཐོག་པའི་ནུས་ལྡན་གྱི་ལམ་ལུགས་ལེགས་པོ་ཞིག་བསྐྲུན་ཡོད། དཔལ་མགོན་དང་སྒེར་རྩེ་སོགས་སུ་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་དངོས་ནུས་པའི་ཁུལ་གྱི་རྫོང་བརྒྱད་ཀྱིས་རྫོང་ཁུལ་གྱི་སྐྱེ་དངོས་ཁོར་ཡུག་གི་ལྟ་ཞིབ་བྱ་བ་ལེགས་གྲུབ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག