མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་སྐབས་དང་པོའི་བཀའ་བསྟན་བཅོས་ཀྱི་དགོངས་འགྲེལ་བགྲོ་གླེང་དང་ཕུལ་བྱུང་དཔྱད་རྩོམ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-09 11:19

gggggggg

བཀའ་བསྟན་བཅོས་ཀྱི་དགོངས་འགྲེལ་བགྲོ་གླེང་དང་ཕུལ་བྱུང་དཔྱད་རྩོམ་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་བོད་ལྗོངས་ནང་བསྟན་སློབ་གླིང་དུ་སྤེལ་བ།

1111

ཕུལ་བྱུང་དཔྱད་རྩོམ་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུའི་ཡུལ་དངོས།

   ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས6ཉིན་གྱི་སྔ་དྲོ། བོད་ལྗོངས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཙོ་གཉེར་བྱས་པའི་བོད་ལྗོངས་ཀྱི་སྐབས་དང་པོའི་བཀའ་བསྟན་བཅོས་ཀྱི་དགོངས་འགྲེལ་བགྲོ་གླེང་དང་ཕུལ་བྱུང་དཔྱད་རྩོམ་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་བོད་ལྗོངས་ནང་བསྟན་སློབ་གླིང་དུ་ཚོགས་པ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། པེ་ཅིང་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་དང་བོད་ལྗོངས་ཀྱི་བོད་རིག་པའི་ཆེད་ལས་མཁས་དབང་། བོད་ལྗོངས་ནང་བསྟན་སློབ་གླིང་གི་འབྲེལ་ཡོད་འགོ་ཁྲིད་དང་དགེ་སློབ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

  བོད་ལྗོངས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནི་ད་ཐེངས་ཀྱི་གཙོ་གཉེར་ཡིན་པའི་ངོས་ནས་མིག་སྔའི་གནས་བབས་གཞིར་བཟུང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བཀའ་དགོངས་འགྲེལ་གྱི་བརྗོད་གཞི་གཙོ་བོར་བཟུང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་ནས་བཏོན་པའི་གོམ་གང་མདུན་སྤོས་ཀྱིས་ཆོས་ལུགས་ཀྱི་ལྟ་སྤྱོད་ཁྲོད་དུ་དུས་རབས་དང་མཐུན་པའི་ལེགས་ཆ་འདོན་སྤེལ་དང་བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་གི་མི་སྣ་གཅིག་བསྡུས་ཀྱིས་ཆོས་ལུགས་ཀྱི་ལྟ་སྤྱོད་ཁག་ལ་དུས་རབས་དང་མཐུན་པའི་དགོངས་འགྲེལ་བྱེད་དགོས་པའི་བླང་བྱ་ལྟར། རྒྱལ་གཅེས་ཆོས་གཅེས་དང་ཐོས་བསམ་སྒོམ་གསུམ་གྱིས་དུས་རབས་གསར་པའི་ཕུལ་བྱུང་གྲྭ་བཙུན་བྱེད་དགོས་པའི་སྐོར་དང་དལ་འབྱོར་མི་ལུས་རྙེད་དཀའ་བ་དང་ཚེ་སྲོག་ལ་སྲུང་སྐྱོབ་བྱ་དགོས་པའི་སྐོར་གྱི་ཞིབ་འཇུག བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ལས་བསྟན་པའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཞིབ་འཇུག་སོགས་རྣམ་གྲངས་བཅུ་བརྗོད་གཞིར་བྱས་ནས་བོད་ལྗོངས་ཡོངས་སུ་དཔྱད་རྩོམ་བདུན་ཅུ་དོན་གཉིས་ཙམ་བསྡུས་པ་དང་དེའི་ཁྲོད་ཕུལ་བྱུང་གི་དཔྱད་རྩོམ་འདེམས་ཐོན་བྱས་ཏེ་བརྒྱུད་རིམ་ལྟར་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ། སྐུལ་ལྕག་བྱ་དགའ་བཅས་སུ་དབྱེ་ཡོད་པ་རེད།

  སྐབས་དང་པོའི་བོད་བརྒྱུད་ནང་བསྟན་གྱི་བཀའ་བསྟན་བཅོས་ཀྱི་དགོངས་འགྲེལ་ལས་ཀ་སྤེལ་བ་ནི། ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྣེ་འཁྲིད་དང་བོད་བརྒྱུད་ནང་བསྟན་ཡང་དག་པའི་ལམ་ནས་འཕེལ་རྒྱས་ཡོང་བའི་གལ་ཆེའི་བྱ་ཐབས་ཤིག་དང་ཁ་ཚ་དགོས་གཏུགས་ཀྱི་འོས་འགན་ཞིག་ཀྱང་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག