མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྣེ་གདོང་རྗོང་གིས་ད་ལོའི་དགོན་སྡེའི་གྲྭ་བཙུན་གྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གྱི་ལས་འགན་ལེགས་འགྲུབ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-08 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2012ལོར་བོད་ལྗོངས་ཀྱིས་དགོན་སྡེའི་གྲྭ་བཙུན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒན་གསོའི་འགན་བཅོལ་ལས་དོན་སྤེལ་བ་ནས་ཟུང་། འགན་བཅོལ་ནང་བཞུགས་པའི་ཐོ་འགོད་རེའུ་མིག་ལ་ཞིབ་བཤེར་དང་འགན་བཅོལ་ནང་བཞུགས་པའི་ཡིག་ཚགས་ཚད་ལྡན་བཟོ་བ་སོགས་ཀྱི་རྣམ་པའི་ཐོག་ནས། བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་དེ་ཡོངས་ཀྱི་གྲྭ་བཙུན་འགན་བཅོལ་ནང་བཞུགས་རྒྱུའི་ལས་དོན་ཤུགས་ཆེ་སྤེལ་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། སྣེ་གདོང་རྫོང་གི་དགོན་སྡེའི་གྲྭ་བཙུན་འགན་བཅོལ་ནང་བཞུགས་ཚད100%ཟིན་པ་དང་། རྫོང་དེ་ཡོངས་ཀྱི་ལོ16ནས་ལོ59བར་གྱི་དགོན་སྡེའི་གྲྭ་བཙུན་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་བཞུགས་མཁན120ཟིན་ནས། ད་ལོའི་དགོན་སྡེའི་གྲྭ་བཙུན་གྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གྱི་ལས་འགན་ཁག་ལེགས་འགྲུབ་བྱུང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག