མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་གདོང་དཀར་ཡན་ལག་ཁུལ་གྱི་འཆར་འགོད་ཇུས་བཀོད་བྱ་ཐབས་ཐད་ཞིབ་འཇུག་གནང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-08 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་འཛུགས་བསྐྲུན་ཨུ་ཡོན་གྱི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་སྟེ་སྟོད་ལུང་རྫོང་གདོང་དཀར་ཡན་ལག་ཁུལ་གྱི་འཆར་འགོད་ཇུས་བཀོད་བྱ་ཐབས་ཐད་ཞིབ་འཇུག་གནང་བ་རེད། ཚོགས་འདུའི་ཐོག་ཐན་ཅིན་གྲོང་ཁྱེར་སྡོད་ཁང་ཆོད་སྡོམས་རྩད་ཞིབ་ཇུས་བཀོད་ཁང་གི་དབུ་འཛིན་ཝང་ཅན་གྱིས་གདོང་དཀར་ཡན་ལག་ཁུལ་གྱི་འཆར་འགོད་ཇུས་འགོད་བྱ་ཐབས་སྙན་ཞུ་གནང་བ་དང༌། ཚོགས་ཞུགས་མི་སྣས་འཆར་འགོད་ཇུས་འགོད་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་གྲོས་བསྡུར་གཏིང་ཟབ་གནང་བ་མ་ཟད་གྲོས་འགོ་དང་དགོངས་འཆར་བཏོན་པ་རེད།

ཆེ་དགྲ་ལྷས་གདོང་དཀར་ཡན་ལག་ཁུལ་གྱི་འཆར་འགོད་ཇུས་འགོད་ལ་ཁས་ལེན་གང་ལེགས་གནང་རྗེས་གདོང་དཀར་ཡན་ལག་ཁུལ་འཛུགས་བསྐྲུན་བྱ་རྒྱུ་དེ་ནི། གྲོང་ཁྱེར་དང་གྲོང་གསེབ་ཅན་གྱི་འཛུགས་བསྐྲུན་འཕེལ་རིམ་མགྱོགས་སུ་གཏོང་བ་དང༌། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པས། ཚན་པ་ཁག་གིས་ངེས་པར་དུ་སྤྱི་ཡོངས་དང་ཕུགས་ལ་དམིགས་ཏེ་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་པ་དང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱེད་པ། ལུགས་དང་མཐུན་པའི་བཀོད་སྒྲིག་བྱེད་པ་བཅས་ཀྱི་ཐོག་ནས་གདོང་དཀར་ཡན་ལག་ཁུལ་འདི་ཉིད་གངས་ལྗོངས་ས་མཐོའི་ཐོག་གི་ཁྱིམ་གཞིས་གསར་པ་ཞིག་དང་ཚོང་འགུག་མ་འདྲེན་ཁུལ་ཞིག མ་འོངས་པར་ལྷ་ས་ཙམ་མ་ཟད་ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་ལ་སྣེ་ཁྲིད་བྱེད་མཁན་ཞིག་ཏུ་གཏོད་དགོས་པའི་ནན་བཤད་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག