མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བཞད་མཐོང་སྨོན་རྫོང་ནད་ཡམས་སྔོན་འགོག་ལྟེ་གནས་ཀྱིས་རྫོང་དེའི་ཏེན་ཚྭའི་ལྟ་ཞིབ་ལས་དོན་ལེགས་འགྲུབ་ཟིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-08 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་གསར་འགོད་པས་བོད་ལྗོངས་གཞིས་རྩེ་ས་ཁུལ་བཞད་མཐོང་སྨོན་རྫོང་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྫོང་དེའི་ནད་ཡམས་སྔོན་འགོག་ལྟེ་གནས་ཀྱིས་རྫོང་དེའི་ཉེ་འཁོར་གྱི་ཤང་གྲོང་རྡལ་གྱི་ཏེན་ཚྭའི་ལྟ་ཞིབ་ལས་དོན་ལེགས་སྒྲུབ་ཟིན་པ་དང༌། ད་རེས་ཀྱི་ཏེན་ཚྭའི་ལྟ་ཞིབ་ལས་དོན་དེ་ཟུར་འཐེན་ཐོག་ལྟ་ཞིབ་བྱས་པ་དང་ཁག་སོ་སོར་རྫོང་ཉེ་འཁོར་གྱི་གྲོང་ཚོ20དང་དུད་ཚང300ཟུར་འཐེན་བྱས་པ་དང་། ལས་ཡུལ་དངོས་སུ་གྲངས་ཚད་ལྟ་ཞིབ་བྱས་པའི་ནང་དུད་ཚང290ཏེན་ཚ་བེད་སྤྱོད་བྱེད་ཀྱི་ཡོད། ཏེན་ཚྭ་བེད་སྤྱོད་བྱེད་ཚད་ཀྱི96.7%ཟིན་གྱི་ཡོད་པས། ཏེན་ཚྭར་ལྟ་ཞིབ་བྱས་པ་དང་ཆབས་ཅིག་ལས་དོན་མི་སྣས་མང་ཚོགས་ལ་ཏེན་རྒྱུ་མི་འདང་བའི་ནད་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཏེན་ཚྭ་ཁ་གསབ་བྱེད་རྒྱུ་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག