མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་སྤྱི་ཚོགས་ཕན་བདེ་བྱ་གཞག་ལ་འཕེལ་རྒྱས་མགྱོགས་པོ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-08 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ཚུན་དུ། བོད་ལྗོངས་ཀྱི་སྤྱི་ཚོགས་ཕན་བདེའི་བྱ་གཞག་ཐད་མི་དམངས་ལ་ཞབས་འདེགས་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུས་དམིགས་ཡུལ་བྱེད་པ་དང་། ལས་ཆོད་གཉིས་མཐོ་རུ་གཏོང་རྒྱུས་ལྟེ་བ་བྱེད་པ། སྤྱི་ཚོགས་ཕན་བདེ་ཞབས་ཞུས་གཙོ་བོ་བྱེད་པ། གཞི་རིམ་ཕན་བདེའི་ཞབས་ཞུའི་དྲ་བས་རྟེན་གཞི་བྱེད་པའི་སྤྱི་ཚོགས་ཕན་བདེའི་ཞབས་ཞུའི་མ་ལག་ཞིག་རགས་ཙམ་ཆགས་པ་མ་ཟད། རྒན་རྒོན་གྱི་ཕན་བདེ་ཞབས་ཞུས་གཙོ་བོ་བྱེད་པ་དང་དམངས་སྲིད་སྤྱི་ཚོགས་ཕན་བདེ་ཚན་པས་དཔེ་སྟོན་དང་རྒྱབ་སྐྱོར་བྱེད་པ། སྤྱི་ཚོགས་ཕན་བདེ་ཞབས་ཞུས་རྟེན་གཞི་བྱེད་པ། རྒན་རྒོན་མི་ཧྲེང་གསོ་ཉར་བྱེད་རྒྱུས་རྨང་གཞི་བྱེད་པ་བཅས་ཀྱི་སྤྱི་ཚོགས་ཕན་བདེའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

 སྤྱི་ཚོགས་ཕན་བདེ་ཚན་པ་ཉིན་རེ་བཞིན་ལེགས་བཅོས་བྱུང་ཡོད་པ་སྟེ། རང་ལྗོངས་ཀྱི་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཕན་བདེ་ཁང་དང་བྱིས་པའི་ཕན་བདེ་ཁང་། རྒན་གསོ་ཁང་བཅས་བཙུགས་པ་དང་ཚད་ལྡན་བཟོས་པ་མ་ཟད། འཚོ་སྐྱོང་གྲོན་དངུལ་སྔར་བས་དོན་འཁྱོལ་བྱས་པ་དང་དོ་དམ་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་བཅས་བྱས་པས། རྒན་རྒོན་མི་ཧྲེང་དང་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཁེ་དབང་ལ་ཁྲིམས་བཞིན་སྲུང་སྐྱོབ་ཐོབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོའི་རིང་རང་ལྗོངས་ཀྱིས་སྤྱི་ཚོགས་ཐོག་གི་དྭ་ཕྲུག་དང་རྒན་རྒོན། ནད་པ། དབང་པོ་སྐྱོན་ཅན། དབུལ་ཕོངས་སོགས་དཀའ་ངལ་ཆེ་ཤོས་ཡོད་མཁན་ལ་རྣམ་པ་འདྲ་མིན་གྱི་དགེ་སྒྲུབ་སྤྱི་ཕན་བྱེད་སྒོ་སྤེལ་ཡོད་པ་རེད།

 ད་བར་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་དབུལ་ཕོངས་ནད་པ300ཙམ་ལ་རྐང་ལག་ཚབ་སྒར་བའི་བཤགས་བཅོས་བྱས་པ་དང་། ཤགས་བཅོས་བྱེད་རྒྱུར་འཚམས་པའི་བྱིས་པ་དབང་པོ་སྐྱོན་ཅན་པ192ཀྱི་ཁ་ཤོ་བཅོས་པའི་བཤགས་བཅོས་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག