མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་གསར་འགྱུར་མགྲིན་ཚབ་པ93བཀོད་སྒྲིག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-06-07 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ལྷ་ས་རུ་སྤེལ་བའི་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུ་ཞིག་གི་ནང་ནས་ཤེས་རྟོགས་བྱུང་བར། 《ལྷ་ས་གྲོང་ཁྱེར་གྱི་གསར་འགྱུར་འགྲེམ་བསྒྲགས་ལས་དོན་ལག་དེབ》རྩོམ་སྒྲིག་པར་འདེབས་ཚར་བ་དང་། ལྷ་ས་གྲོང་ཁྱེར་གྱི་གསར་འགྱུར་མགྲིན་ཚབ་པ93ཐོན་ཡོད་པ་རེད།

རྩོམ་སྒྲིག་པར་འདེབས་བྱེད་དོན་ནི་སྲིད་གཞུང་གིས་སྤྱི་འབངས་རྣམས་ལ་ཆ་འཕྲིན་སྔར་ལས་ལྷག་པའི་སྒོ་ནས་ཁ་གསལ་བ་དང་བདེ་མྱུར་ལྡན་པ། ཚད་ལྡན་པ་བཅས་ཀྱི་ཐོག་ནས་ཁྱབ་བསྒྲགས་བྱེད་ཆེད་ཡིན་པ་དང་བསྲུང་བྱའི་སྒྲིག་ལམ་ཡང་ཡོད། ཀྲུང་གུང་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲུང་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་ནས་གསུངས་དོན། 《ལྷ་ས་གྲོང་ཁྱེར་གྱི་གསར་འགྱུར་འགྲེམ་བསྒྲགས་ལས་དོན་ལག་དེབ》ནང《ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གསར་འགྱུར་ཁྱབ་བསྒྲགས་ལམ་ལུགས》དང《ལྷ་ས་གྲོང་ཁྱེར་གྱི་གསར་འགྱུར་མགྲིན་ཚབ་པ་རྣམས་ཀྱི་མིང་ཐོ》《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིག》སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད། དེའི་ནང་། གསར་འགྱུར་མགྲིན་ཚབ་པ93དེ་དག་ལྷ་ས་གྲོང་ཨུད་གཞུང་ལས་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཟོག་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་ཚན་པ་ཁག་ནས་ཡོང་བ་རེད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག