མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་དུ་མངོན་མེད་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཁག76ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-06-07 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་སྐོང་ཚོགས་བྱས་པའི་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དུ་མངོན་མེད་ཤུལ་བཞག་རིག་གནས་རྣམ་གྲངས་ཁག76ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཁག་གསར་པའི་བོད་རང་སྐྱོང་ལྗོང་རིམ་པའི་མངོན་མེད་ཤུལ་བཞག་རིག་གནས་ཀྱི་ཐོ་འགོད་ཁྲོད་ལྷ་ས་གྲོང་ཁྱེར་གྱི་ཨར་གཞས་སོགས་རྣམ་གྲངས10མངོན་མེད་ཤུལ་བཞག་རིག་གནས་ནང་ཚུད་ཡོད་པ་རེད། ད་ཆ་ལྷ་ས་གྲོང་ཁྱེར་དུ་མངོན་མེད་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས76ཙམ་ཟིན་གྱི་ཡོད་པ་དང་དེའི་ཁྲོད་ལྷ་སའི་ཞོ་སྟོན་དང་། སྐྱུ་མོ་ལུང་ལྷ་མོ་ཚོགས་པ། ལྷ་སའི་ནང་མ། བོད་རིགས་ཀྱི་གཏེར་ལས་བཟོས་པའི་རྒྱུ་ཆའི་བཟོ་རྩལ་སོགས་རྒྱལ་ཁབ་རིམ་པའི་མངོན་མེད་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཁག20དང་། ལྷ་སའི་སྟོད་གཞས་དང་། ཨར་གཞས། འབྲི་གུང་གི་བོད་ལུགས་སྨན་གཞུང་སོགས་རང་སྐྱོང་ལྗོངས་རིམ་པའི་མངོན་མེད་ཤུལ་བཞག་རིག་གནས31གྲོང་ཁྱེར་རིམ་པའི་མངོན་མེད་ཤུལ་བཞག་རིག་གནས25སོགས་ཡོད་པ་རེད། དེ་མིན་མངོན་མེད་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་མི་སྣ66ཡོད་པའི་ནང་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་མི་སྣ12དང་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་མི་སྣ21གྲོང་ཁྱེར་རིམ་པའི་རྒྱུན་འཛིན་མི་སྣ33བཅས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག