མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-07 10:22



ལས་དོན་མི་སྣས་གྲོང་མིར་ཁོར་ཡུག་སྲུང་སྐྱོབ་གྱི་དྲིལ་བསྒྲགས་ཡིག་རིགས་སྤྲོད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས42པ་དེ་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་དང་ལྗོངས་འཕྲོད་བསྟེན་ཐིང་། ལྗོངས་ཚན་རིག་ཐིང་སོགས་འབྲེལ་ཡོད་ཚན་པ་ཁག་གིས་ལྷ་སའི་ཁྲོམ་གཞུང་དུ་ང་རང་ནས་འགོ་བཙུགས་ཏེ་ཐན་ཉུང་འཚོ་བ་བསྐྲུན་ཞེས་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ཐེངས་དེའི་བྱེད་སྒོའི་ནང་དྲིག་བསྒྲགས་མི་སྣས་རྒྱ་ཆེའི་ལྷ་སའི་གྲོང་མིར་རྒྱུན་གཏན་འཚོ་བའི་ཁྲོད་ཆུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། གློག་གྲོན་ཆུང་སོགས་དོན་དངོས་བྱ་བ་ཆུང་ཙག་ཐོག་ནས་མངོན་འགྱུར་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཉིན་མོའི་རང་ལྗོངས་ཀྱི་བརྗོད་བྱ་གཙོ་བོ་ནི་ནུས་རྒྱུ་གྲོན་ཆུང་ཞེས་པ་དེ་ཡིན་པ་དང་། རང་རྒྱལ་གྱི་བརྗོད་བྱ་གཙོ་བོ་ནི་དབུགས་ལམ་གཅིག་དང་ཐུན་མོང་འབད་འཐབ་ཞེས་པ་དེ་ཡིན།  །

ལས་དོན་མི་སྣས་གྲོང་མི་ཚོར་ཁོར་ཡུག་སྲུང་སྐྱོབ་གྱི་དྲིལ་བསྒྲགས་གྱང་འགེལ་པར་རིས་སྤྲོད་བཞིན་པ།

བྱེད་སྒོའི་ཐོག་དྲིག་བསྒྲགས་པར་རིས་སྤྲོད་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག