མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཁོར་ཡུག་ཁྱབ་ཁོངས་ཕལ་ཆེ་བ་སྔར་བཞིན་གདོད་མའི་རྣམ་པ་གནས་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀལྗོངས་དྲ་བ།  2013-06-07 10:22

གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཚོགས་ར་དངོས།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྤྱི་ཟླ6པའི་ཚེས5ཉིན་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2012ལོར་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་ཆུ་དང་མཁའ་རླུང་། ས་རྒྱུ། འོད་འཕྲོ། སྐྱེ་དངོས་ཁོར་ཡུག་སྤུས་ཚད་བཅས་ཚང་མ་ཅུང་ལེགས་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་པ་དང་ཁྱབ་ཁོངས་ཕལ་ཆེ་བའི་སྔར་བཞིན་གདོད་མའི་རྣམ་པར་གནས་ཡོད་པས་ཤུགས་ཆེའི་ཁོར་ཡུག་གནོད་སྐྱོན་གྱི་གནད་དོན་ལྷག་མེད་པ་རེད། སྔར་ནས་ད་བར། བོད་ལྗོངས་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཆ་ཞིག་ཡིན་པ་རེད།

བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་གཏམ་བཤད་སྤེལ་མཁན། དྲུང་ཆེ་གཞོན་པ་སྐར་མ་ཚེ་བརྟན་གྱིས་ངོ་སྤྲོད་བྱས་པར། 2012ལོར་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་གཙང་ཆུའི་སྤུས་ཚད་ཁྱོན་ཡོངས་ནསⅢརིགས་ཀྱི་ཆུ་ཁོངས་ཚད་གཞི་ལོན་པ་དང་ཆུ་རྒྱུན་ཁ་ཤསⅡརིགས་ཀྱི་ཆུ་ཁོངས་ཚད་གཞི་ལོན་ཡོད་པ། གཙོ་བོའི་མཚོ་མཚེའུ་རྣམས་སྤྱིའི་ཡོངས་ནསⅠརིགས་ཀྱི་ཆུ་ཁོངས་ཚད་གཞི་ལོན་ཡོད་པ་རེད། གཙོ་བོའི་ཆུ་བཙོག་སྐྱོན་བཤངས་འབུད་སྤྱི་འབོར་ཐད་ནུས་ལྡན་གྱི་ཚོད་འཛིན་ཐུབ་ཡོད་པ་དང་ཆུའི་ཁོར་ཡུག་སྤུས་ཚད་ཅུང་ལེགས་ཙམ་རྒྱུན་འཁྱོངས་ཐུབ་ཡོད་ལ་གཙང་ཆུ་དང་མཚེའུ་ཁ་ཤས་སྔར་བཞིན་གནའ་བོའི་རྣམ་པར་གནས་ཡོད་པ་རེད། ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ཐད་སྤུས་ལེགས་ཁ་གྲངས་ཉིན364ཟིན་ཡོད་པ་དང་སྤུས་ལེགས་ཐུབ་ཚད་ཆ་སྙོམས99.5%ཡན་རྒྱུན་འཁྱོངས་ཐུབ་ཡོད།

ཤེས་རྟོགས་བྱུང་བར། ༢༠༡༢ལོར་བོད་ལྗོངས་ཀྱིས་རིགས་ཆེན་པོ་གསུམ་གྱི་རྣམ་གྲངས་བཅུའི་སྐྱེ་དངོས་བདེ་འཇགས་འགན་སྲུང་སྲུང་སྐྱོབ་དང་འཛུགས་སྐྲུན་ལག་བསྟར་བྱས་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར67.6དོན་འཁྱོལ་བྱས་ཡོད་པ་རེད། རིགས་ཁག་གི་སྐྱེ་དངོས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར36.81བརྩོན་ལེན་ཧུར་ཐག་བྱས་པ་དང་སྐྱེ་དངོས་ཁོར་ཡུག་སྲུང་སྐྱོང་ཡུན་རིང་ནུས་ལྡན་གྱི་ལམ་ལུགས་རིམ་གྱིས་བསྐྲུན་ཡོད། དཔལ་མགོན་དང་སྒེར་རྩེ་སོགས་སུ་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་དངོས་ནུས་པའི་ཁུལ་རྫོང8ཀྱིས་རྫོང་ཁུལ་གྱི་སྐྱེ་དངོས་ཁོར་ཡུག་གནས་ཚུལ་གྱི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་ས་ངོས་ཆུ། ཁོར་ཡུག་མཁའ་རླུང་སྤུས་ཚད་ལྟ་ཞིབ་ཚད་ལེན་བཅས་ཀྱི་ལས་དོན་ལེགས་གྲུབ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག