མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་རྒྱལ་ཡོངས་དང་དུས་གཅིག་ཏུ་མཁའ་རླུང་སྤུས་ཚད་ཞིབ་བཤེར་གྱི་མདུན་གྲལ་དུ་སླེབས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-06-07 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ6པའི་ཚེས5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས42པ་དེ་རེད། ཀྲུང་གོའི་ཐེངས་འདིའི་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“མཉམ་དུ་དབུགས་གཏོང་ལེན་གྱིས་ཐུན་མོང་ཐོག་འབད་བརྩོན་བྱེད”ཞེས་པ་དེ་ཡིན་པ་དང་གཙོ་བོ་མིག་སྔའི་རྒྱལ་ཡོངས་སུ་འབུར་དུ་ཐོན་པའི་སྨུག་འཁྲིགས་ཀྱི་མཁའ་རླུང་ལ་བསམ་གཞིགས་གྱིསPM2.5གཙོ་གནད་དུ་བྱས་ནས་མཁའ་དབུགས་བཙོག་སྐྱོན་འགོག་བཅོས་ལས་དོན་ལ་སྐུལ་འདེད་བྱ་རྒྱུར་ཤུགས་སྣོན་བྱ་རྒྱུ་དང་ཧུར་བརྩོན་ངང་མི་དམངས་མང་ཚོགས་ཀྱིས་ཁོར་ཡུག་གནད་དོན་ལ་དོ་ཁུར་དང་རེ་སྨོན་ལ་ལན་སློག་བྱ་རྒྱུ་ཡིན་པ་རེད།

མ་གཞི་བོད་ལྗོངས་ནི་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་རེད། འོན་ཀྱང་འབྲེལ་ཡོདPM2.5ཡི་ལྟ་ཞིབ་ལག་བསྟར་གནས་ཚུལ་ནི་མཐའ་གཅིག་ཏུ་མི་རྣམས་ཀྱི་མཐོང་ཧ་ཅང་ཆེན་པོ་བྱེད་པའི་དོ་ཁུར་བྱེད་པའི་གནད་དོན་ཞིག་རེད། ཁ་སང་འཚོགས་པའི2012ལོའི་བོད་ལྗོངས་ཁོར་ཡུག་གནས་ཚུལ་གྱི་གསར་འགྱུར་ཡོང་བསྒྲགས་ཚོགས་འདུའི་ཐོག་བོད་ལྗོངས་ཁོར་ཡུག་ཐིང་གི་འབྲེལ་ཡོད་འགན་འཁུར་མི་སྣས་བོད་ལྗོངས་ཀྱི་མཁའ་རླུང་ཁོར་ཡུག་སྤུས་ཚད་དང་དེ་བཞིནPM2.5ཡི་ལྟ་ཞིབ་ལག་བསྟར་གནས་ཚུལ་ལ་གསལ་བཤད་གནང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2012ལོར་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་གཙོ་བོའི་གྲོང་རྡལ་གྱི་མཁའ་རླུང་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་ཅུང་ལེགས་ཙམ་ཡིན་པ་དང་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར། རྩེད་ཐང་གྲོང་རྡལ་སོགས་ས་ཁུལ་བདུན་དང་གྲོང་ཁྱེར་གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ཆ་སྙོམས《ཁོར་ཡུག་མཁའ་རླུང་སྤུས་ཚད་ཀྱི་ཚད་གཞིའི》རིམ་པ་གཉིས་པའི་ཚད་གཞིར་སླེབས་ཡོད་པ་རེད། རྒྱལ་ཁབ་ཀྱི་སྒོར་ཁྲི1243མ་འཇོག་བྱས་ནས་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་བར་སྐོར་ཁྲོམ་གཞུང་། གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ཅུས། བོད་ལྗོངས་སློབ་ཆེན། ལྗོངས་འོད་འཕྲོ་ས་ཚིགས། ལྷ་ས་གྲོང་ཁྱེར་མེ་འཁོར་འབབ་ཚུགས་བཅས་སུ་རྒྱལ་ཁབ་ཚོད་འཛིན་ལྟ་སྐུལ་ཞིབ་བཤེར་ས་ཚིགས6བསྐྲུན་ཡོད་པ་རེད།

ད་ལོའི་སྤྱི་ཟླ1པོའི་ཚེས1ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་དང་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར74དང་དུས་མཚུངས་སུ་དྲ་ཐོག་བརྒྱུད་ཉིན་རེར་ལྟ་ཞིབ་ས་ཚིགས6གི་རྣམ་གྲངས6གི་བཙོག་སྐྱོན་གྱི་ཉིན་རེའི་ཆ་སྙོམས་ཚད་གཞི་ཡོངས་བསྒྲགས་བྱེད་པ་མ་ཟད་མཁའ་རླུང་སྤུས་ཚད་གནས་ཚུལ་ལ་དཔྱད་དཔོག་བྱེད་ཀྱི་ཡོད་པ་རེད། མིག་སྔར་དུས་ཚིགས་དང་པོ་བར། ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག