མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་ཤུགས་སྣོན་རྒྱབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-06 15:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས4ཉིན། བོད་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཙོ་གཉེར་བྱས་པའི་སྤྱི་ལོ2013ལོའི་རང་སྐྱོང་ལྗོངས་ཀྱི་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ཐད་གཞི་རིམ་དུ་ཟབ་སྐྱོད་ཀྱི་བཅར་འདྲི་གཏོང་སྤེལ་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། བྱེད་སྒོ་དེ་ནི་གཞི་རིམ་དུ་ཟབ་སྐྱོད་བྱེད་པ་དང་དཔེ་མཚོན་འཚོལ་བ། གཏམ་རྒྱུད་ཤོད་པ། བདེ་འཇགས་འགན་སྲུང་བྱེད་པ་བཅས་ཀྱིས་བརྗོད་དོན་གཙོ་བོ་བྱས་ཏེ་སྨྱན་སྦྱོར་ཚན་པ་ཁག་སྒྲིག་འཛུགས་ཐོག ལྷོ་ཁ་དང་ཉིང་ཁྲི། ནག་ཆུ་སོགས་ས་ཁུལ་གྱི་བཟའ་བཅའ་དང་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འཐབ་ས་དང་པོར་ཟབ་སྐྱོད་དང་། སྨན་རྫས་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་སུ་ཟབ་སྐྱོད་ཀྱིས་བཅར་འདྲི་བྱས་ཏེ། སྨན་རྫས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། གཞི་རྩའི་སྨན་རྫས་ཀྱི་སྤུས་ཚད་འགན་སྲུང་གི་བྱ་ཐབས་ཁག་དང་ཉམས་མྱོང་བཟང་པོ་སོགས་ཀྱི་གནས་ཚུལ་གཏོང་སྤེལ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག