མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་གཞོན་ནུར་ལས་སྐྲུན་དང་བྱས་རྗེས་འཇོག་རྒྱུར་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-06 15:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ4པའི་ཚུན་དུ་བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་གཞོན་ནུར་རྒྱལ་གཅེས་ཁྲིམས་སྲུང་གི་སློབ་གསོ་བཏང་བ་དང་གཞོན་ནུར་ཤེས་ཡོན་ལ་འབད་བརྩོན་བྱས་ཏེ་ཤེས་ལྡན་པར་ཆགས་རྒྱུར་ཁྲིད་སྟོན་བྱེད་པ། གཞོན་ནུར་ལས་སྐྲུན་དང་བྱས་རྗེས་འཇོག་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་བརྗོད་དོན་གཙོ་བོའི་གཞོན་ནུའི་རྒྱལ་གཅེས་དང་ཤེས་ལྡན་པར་ཆགས་པའི་ལས་སྐྲུན་ལས་གཞི་ལག་བསྟར་བྱེད་འགོ་ཚུགས་པ་རེད།

ཆབ་མདོ་ས་ཁུལ་གྱི་གཞོན་ནུའི་རྒྱལ་གཅེས་དང་ཤེས་ལྡན་པར་ཆགས་པའི་ལས་སྐྲུན་ལས་གཞིའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཧོང་ཧྥེ་ཡིས། གཞོན་ནུའི་རྒྱལ་གཅེས་དང་ཤེས་ལྡན་པར་ཆགས་པའི་ལས་སྐྲུན་ལས་གཞི་ནི། གཞོན་ནུ་དཔུང་ཁག་ནང་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚད་གཞི་ལོན་པའི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་གཞུང་མ་ལག་གིས་གཞོན་ནུར་དྲག་ཆས་སྤྲོད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་གཞོན་ནུར་སློབ་གསོ་གཏོང་བ། དེང་རབས་ཚན་རིག་རིག་གནས་ལག་རྩལ་གྱིས་གཞོན་ནུ་གསོ་སྐྱོང་བྱེད་པ། དེང་རབས་ཤེས་དཔལ་འདུ་ཤེས་ཀྱིས་གཞོན་ནུར་ཁྲིད་སྟོན་བྱེད་པ་བཅས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱ་ཆེའི་གཞོན་ནུའི་རྒྱལ་གཅེས་དང་ཕུགས་བསམ་ལྡན་པ། ཤེས་ལྡན་པར་ཆགས་པ། ལས་སྐྲུན་བྱེད་པ། ཕྱུག་འགྱུར་ཡོང་བ་བྱེད་པ་བཅས་ཀྱི་སྤྲོ་སེམས་དང་གསོན་ཤུགས་འཕེལ་རྒྱུར་སྐུལ་སློང་བྱེད་པ་བཅས་བྱས་ཏེ། རྒྱ་ཆེའི་གཞོན་ནུ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་མོར་གྱུར་བ་བྱས་ནས། དྲུག་ལྡན་ཆབ་མདོ་འཛུགས་སྐྲུན་དང་། མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་ཐུབ་པ་བྱེད་རྒྱུ་དེ་རེད་ཅེས་གསུངས་པ་རེད།

བྱེད་སྒོ་སྤེལ་ཚུན་ཆབ་མདོ་ས་ཁུལ་གྱི་རྫོང་ཁག་དང་ལས་ཁུངས་ཁག་གིས་རྒྱ་ཆེའི་གཞོན་ནུའི་ཁྱད་ཆོས་ལ་དམིགས་ནས། གཞི་རྟེན་ཇུས་འགོད་ཞིབ་ཚགས་དང་བྱེད་སྒོའི་རྣམ་པ་གསར་གཏོད་བྱས་ཏེ། ཏང་དར་དང་རྒྱལ་དར། ཚོགས་དར་བཅས་འགེལ་བའི་བྱེད་སྒོ་སྤེལ་བ་དང༌། དད་སེམས་ཀྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་དང་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ། སྤྱི་ཕན་གྱིས་ཞི་མཐུན་ཡོང་བ་བྱེད་པ་དང་སྔོ་ལྗང་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། ཐུན་མོང་ཐོག་གཞོན་ནུའི་ནགས་ཚལ་སྐྲུན་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ཐེངས་འདིའི་བྱེད་སྒོར་ཁྱོན་དུས་མཚམས་གསུམ་ལ་དབྱེ་ཡོད་པ་དང་དུས་མཚམས་དང་པོ་ནི་ལག་བསྟར་བྱེད་འགོ་འཛུགས་པ་དང་། ཐོག་མའི་ཕན་འབྲས་ཐོན་པ་བར་ཡིན་པ་སྟེ་ད་ལོའི་སྤྱི་ཟླ3པ་ནས་འགོ་བཙུགས་པ་དང་། སྤྱི་ལོ2014ལོའི་སྤྱི་ཟླ2པར་མཇུག་སྒྲིལ་རྒྱུ་ཡིན་པ་དང༌། དུས་མཚམས་གཉིས་པ་ནི་ལག་བསྟར་གཏིང་ཟབ་བྱེད་པ་དང་གྲུབ་འབྲས་ཆེ་རུ་གཏོང་བའི་དུས་མཚམས་ཡིན་པ་སྟེ། སྤྱི་ལོ2014ལོའི་སྤྱི་ཟླ3པ་ནས་འགོ་བཙུགས་ཏེ། སྤྱི་ལོ2015ལོའི་སྤྱི་ཟླ2པར་མཇུག་སྒྲིལ་རྒྱུ་ཡིན་པ། དུས་མཚམས་གསུམ་པ་ནི་སྲ་བརྟན་དང་གོང་མཐོར་གཏོང་བ་དང་ལམ་སྲོལ་འཛུགས་པའི་དུས་མཚམས་ཏེ། སྤྱི་ལོ 2015ལོའི་སྤྱི་ཟླ3པ་ནས་འགོ་བཙུགས་ཏེ། སྤྱི་ལོ2016ལོའི་སྤྱི་ཟླ2པར་མཇུག་སྒྲིལ་རྒྱུ་ཡིན་པ་བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག