མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ད་ལོའི་མཐོ་རིམ་སློབ་བསྡུའི་གྲ་སྒྲིག་ལས་དོན་ཁག་ལེགས་གྲུབ་ཟིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-06 15:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཐོ་རྒྱུགས་སླེབས་གྲབས་ཡོད་པའི་སྐབས་སུ། བོད་ལྗོངས་ཀྱི་ཡིག་རྒྱུགས་ནང་ཞུགས་མཁན་སློབ་མ་ཚོས་ཛ་དྲག་ངང་ཡིག་རྒྱུགས་ཀྱི་གྲ་སྒྲིག་བྱེད་བཞིན་ཡོད་པ་ཕུད། མཐོ་རྒྱུགས་དང་བསྟུན་པའི་ལས་ཀ་ཁག་ཀྱང་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད།

བོད་ལྗོངས་ཡིག་རྒྱུགས་ཁང་གི་ཧྲུའུ་ཅི་ཡང་ཧའོ་ཡིས་སྤྱི་ལོ2013ལོའི་མཐོ་རྒྱུགས་ལས་ཀ་ལེགས་སྒྲུབ་ཡོང་ཆེད། ད་ལོའི་མཐོ་རྒྱུགས་ཀྱི་རྒྱུགས་སྤྲོད་ལྟ་ཞིབ་ཀྱང་སྔར་བས་ནན་པོ་བྱེད་རྒྱུ་རེད་ཅེས་གསུངས་པ་དང་། གཞན་ཡང་རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་གཏོང་ཆས་དོ་དམ་ཅུས་ཀྱིས་ཀྱང་། རྒྱུགས་ལེན་གཙོ་གཉེར་ཚན་པར་གཞོགས་འདེགས་ཀྱིས་མཐོ་རྒྱུགས་རིང་གི་སྐུད་མེད་གློག་འཕྲིན་གཏོང་ཆས་ཀྱི་ལྟ་ཞིབ་ཚད་ལེན་གྱི་འགན་སྲུང་ལས་དོན་ཡག་པོ་སྤེལ་བ་དང་། སྐུད་མེད་གློག་འཕྲིན་གཏོང་ཆས་བེད་སྤྱོད་བྱས་ནས་ཡིག་ཚད་བཤུ་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་དོགས་ཟོན་དང་རྡུང་རྡེག་བྱེད་རྒྱུ་དེ་སྐུད་མེད་གློག་འཕྲིན་གཏོང་ཆས་དོ་དམ་ལས་ཀའི་གལ་ཆེའི་ནང་གི་གལ་ཆེར་འཛིན་རྒྱུ་རེད།

རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་གཏོང་ཆས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་དོན་གྲུབ་ཀྱིས། ལྗོངས་ཡོངས་ཀྱིས་ཡིག་རྒྱུགས་གཏོང་ས་ཚང་མར་སྐུད་མེད་གློག་འཕྲིན་གཏོང་ཆས་ཀྱི་ལྟ་ཞིབ་ཚད་ལེན་ཡོ་ཆས་སྒྲིག་སྦྱོར་བྱས་པའི་ནང་། སྐུད་མེད་གློག་འཕྲིན་གཏོང་ཆས་ཀྱི་འགུལ་སྐྱེལ་ལྟ་ཞིབ་ཚད་ལེན་རླངས་འཁོར་དང་བརྡ་རྟགས་འགོག་གནོན་སྒྲིག་ཆས། དེ་བཞིན་འཁྱེར་བདེ་བའི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་བཅས་ཚུད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག