མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱི་གནོད་འགོག་གེགས་སེལ་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-06 15:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ཚུན་དུ་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་གནོད་འགོག་གེགས་སེལ་དངོས་ཟོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས། གནོད་འགོག་གེགས་སེལ་གྱི་དངོས་ཟོག་གི་རིགས་དང་འབོར་གྲངས་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་། གནོད་འགོག་གེགས་སེལ་གྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ལྟ་ཉིང་ཁྲི་ས་ཁུལ་གྱིས་ས་ཁུལ་རིམ་པའི་གནོད་འགོག་གེགས་སེལ་གྱི་དངོས་ཟོག་གྲབས་གསོག་མཛོད་ཁང་གཅིག་དང་། རྫོང་རིམ་པའི་གནོད་འགོག་གེགས་སེལ་གྱི་དངོས་ཟོག་གྲབས་གསོག་མཛོད་ཁང་བཞི་སྐྲུན་པ་མ་ཟད། ཀོང་པོ་རྒྱ་མདའ་རྫོང་དང་སྨན་གླིང་རྫོང་གི་གནོད་འགོག་གེགས་སེལ་གྱི་དངོས་ཟོག་གྲབས་གསོག་མཛོད་ཁང་སྐྲུན་བཞིན་ཡོད་ཅིང་། སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་སྐྲུན་ཚར་བ་བྱས་ནས་བེད་སྤྱོད་གཏོང་རྒྱུ་ཡིན་པ་ཕུད། ད་དུང་ཀོང་པོ་རྒྱ་མདའ་རྫོང་གི་ཉང་ཕུ་ཤང་དང་འབྲུག་ལ་ཤང་སོགས་གནོད་འཚེ་ཐོན་སླ་བའི་གནས12ལ་གེགས་སེལ་དངོས་ཟོག་གྲབས་གསོག་བྱེད་ཡུལ་སྐྲུན་ཟིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག