མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་གཞི་རིམ་བོད་སྨན་རིགས་ཀྱི་མཁོ་ཆོད་སྨན་པའི་སྦྱོང་བརྡར་འཛིན་གྲྭ་ལྷ་ས་ནས་གཉེར་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-06 15:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་འཕྲོད་བསྟེན་ཐིན་བོད་ལུགས་གསོ་རིག་དང་བོད་སྨན་ཅུས་ཀྱིས་གཙོ་གཉེར་བྱས་པའི་བོད་ལྗོངས་ཀྱི་གཞི་རིམ་བོད་སྨན་རིགས་ཀྱི་མཁོ་ཆོད་སྨན་པའི་སྦྱོང་བརྡར་འཛིན་གྲྭ་ལྷ་སར་གཉེར་འགོ་ཚུགས་པ་རེད། བོད་ལྗོངས་ཀྱི་རྫོང་དང་ཤང་། གྲོང་ཚོ། སྡེ་ཁུལ་བཅས་ནས་ཡོང་བའི་གཞི་རིམ་གྱི་སྨན་པ80སྦྱོང་བརྡར་ནང་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་གོང་བོད་ལྗོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་སྟེན་ཚན་པར་སྔར་བཞིན་མཁོ་ཆོད་སྨན་པ་འདང་གི་མེད་པས་ཐེངས་འདིའི་སྦྱོང་བརྡར་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི། རང་ལྗོངས་ཀྱི་གཞི་རིམ་དང་གྲོང་ཁྱེར་སྡེ་ཁུལ་གྱི་བོད་སྨན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། རང་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ལེགས་ཆར་བརྟེན་ཏེ་གཞི་རིམ་དང་གྲོང་ཁྱེར་ནང་གི་སྡེ་ཁུལ་དུ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དེ་རེད། སྦྱོང་བརྡར་ནང་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་དུས་ཡུན་ཟླ་བ4ཡི་ནང་། བོད་སྐད་ཀྱི་ཐོག་ནས་སློབ་མ་ཚོར་རྨང་གཞིའི་རིགས་གཞུང་ཤེས་བྱ་དང་ལག་ལེན་གྱི་རྩལ་ནུས་སྦྱོང་བརྡར་སྤྲོད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག